专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
51好读  ›  专栏  ›  日喀则在线

【魅力藏文】རོ་ཡལ་བའི་ནས་ཆང་།

日喀则在线  · 公众号  · 西藏  · 2016-12-07 16:13

正文


རོ་ཡལ་བའི་ནས་ཆང་།

རྩོམ་པ་པོ། སྐལ་བཟང་དབང་མོ།

འདུ་འཛིས་ཁེངས་པའི་གྲོང་ཁྱེར་གྱི་གྲུ་ཟུར་ན།

སྨག་གནག་པའི་མཚན་དགྲ་བོ་འདྲ་བ་དེ་བྱོན།

ཁྲ་ཆིལ་གྱི་གློག་བཞུའི་སྐྱོ་རོགས་དེར་མི་འཕྲོད་ཀྱང་།

ཁ་སང་རྡོ་ཁང་གྲུ་བཞིར་ང་དང་ཨ་མ་ཡིས་གླེང་བའི།

ཕ་ཡུལ་གྱི་གནའ་ཉམས་དེ་དྲན་པར་འཁོར་དུས།

ཨ་མའི་ཐང་ཁུག་ནང་གི་རྩམ་དྲི་དེ་ཇི་འདྲའི་ཞིམ།

ནང་ཇ་དྲི་མ་འཚུབ་བེར་བ་དེ་འཐུང་གིན།

བྱམས་ཨ་མའི་སྙིང་གཏམ་རྣ་ལ་སྙན།

ཟླ་བའི་འཛུམ་ཞལ་རིམ་གྱིས་ཡལ་དུས།

ངའི་སྣང་ཡུལ་གྱི་གྲོང་ཁྱེར་ཡངས་པོ་འདི།

ཟང་ཟིང་འཁྲུག་ཆ་ཡི་གར་ལ་རྩེན།

ཨ་མ་ཆང་མའི་ཆང་དྲི་རྒྱང་དུ་ཡལ་རུང་།

ལྦུ་ཆང་མགོ་དཀར་གྱི་རྦ་ཀློང་ཁྲོད་དུ།

འཚོ་བ་འཚོལ་བཞིན་པའི་སྲིན་བྱའི་ཚོགས།

སེམས་གཏམ་དང་སྨྱོ་ལབ་ཀྱི་རྒྱ་མཚོ་འཁྱོམ་དུས།

ངས་བསམས་བཞིན་འཚོལ་གྱིན་པ་ནི།

རྡོ་ཁང་གྲུ་བཞིའི་རང་མདངས་གཤའ་མ།

ཨ་མ་ཆང་མའི་ཆང་དྲི་ཞིམ་པོ་དག་ཡིན།

འཇིག་རྟེན་འདིར་འཚོ་བས་འཚོ་བ་བཀླགས་དུས།

དགའ་ཞིང་སྐྱོ་བའི་རོ་སྐྱུར་མོ་ཞིག།

མཚན་མོས་མཚན་མོ་བཀླགས་དུས།

དགོད་བྲོ་ལ་ཡིད་སྐྱོ་བ་ཞིག།

明日藏历 སང་ཉིན་ལོ་ཐོ།


གཞིས་རྩེའི་དྲ་ཐོག

 点击“阅读原文”,即可查看“视频”,也可寻找你想要的更多内容。。。