专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
TGB湖南人  ·  【3.17复盘】大幅缩量!您确定要我们买牛奶 ... ·  21 小时前  
TGB湖南人  ·  被删补发【3.14复盘】震荡这么久,就这么水 ... ·  21 小时前  
网信西藏  ·  公职人员深陷“桃色陷阱”…… ·  22 小时前  
网信西藏  ·  公职人员深陷“桃色陷阱”…… ·  22 小时前  
TGB湖南人  ·  靠,出事了 ·  昨天  
51好读  ›  专栏  ›  日喀则在线

【魅力藏文】2016ལོའི་བོད་ས་ཁུལ་གྱི་འཕྲིན་ཕྲན་ལས་དོན་གྱི་མཇུག་བསྡོམས

日喀则在线  · 公众号  · 西藏  · 2016-12-21 14:35

正文

2016ལོའི་བོད་ལྗོངས་ཁུལ་གྱི་འཕྲིན་ཕྲན་ལས་དོན་གྱི་མཇུག་བསྡོམས།

(ལོ་བརྒལ་མཚམས་ཀྱི་འཕྲིན་ཕྲན་སྟོན་མོ་ཆེན་མོ།)

རིན་སྤུངས་ཉི་མ་དོན་གྲུབ།


འཕྲིན་ཕྲན་ནི་དར་སྲོལ་ཆེན་པོ་རེད། འཕྲིན་ཕྲན་ནི་ཤུགས་རྐྱེན་ཆེན་པོ་རེད། འཕྲིན་ཕྲན་ནི་ཚང་མར་མེད་དུ་མི་རུང་བ་ཞིག་རེད། དེ་རིང་ང་ཚོས་2016ལོའི་བོད་ལྗོངས་ཁུལ་གྱི་འཕྲིན་ཕྲན་ལས་དོན་ལ་ཕྱི་མིག་ཞིག་བལྟས་ན།

༡ བོད་ཀྱི་རིག་གཞུང་སྨྲ་བ་མང་པོ་ཞིག་རིག་གཞུང་ལྟ་བའི་ཐད་རྩོད་གླེང་བྱས་སོང་། དེའི་ནང་དུ་བོད་ལྗོངས་ཁུལ་གྱི་མཁས་པ་ཚུད་མ་སོང་།

༢ ཁམས་པ་མི་རིགས་དང་བོད་རིགས་ཀྱི་དབྱེ་བའི་རིག་གཞུང་ལྟ་བའི་ཐད་བོད་ཀྱི་མཁས་པས་གསུང་བྱོན་མཁན་རྨེ་རུ་ཡུལ་ལྷ་ཐར་གཅིག་པོ་ཡིན་ཚོད་ཡོད། འོན་ཀྱང་བོད་རིགས་མང་པོ་གཅིག་ཁོང་ཁྲོ་ལངས་ནས་ཁུ་སིམ་མེར་བསྡད་འདུག

༣ བོད་ལྗོངས་ཀྱི་ནང་སའི་སློབ་ཆེན་བ་དག་ལ་བོད་རིག་གནས་ཀྱི་འདུ་ཤེས་ཤུགས་ཆེན་པོ་སླེབས་ནས་འབད་བརྩོན་ཡང་ཆེན་པོ་བྱེད་ཀྱི་འདུག་ལ། འགའ་རེས་སོ་སོའི་བོད་རིག་གཞུང་སློབ་སྦྱོང་བྱེད་པའི་བསླབ་གཞི་སློབ་དེབ་ཀྱང་བཏོན་འདུག

༤  དབུས་གཙང་ཁུལ་གྱི་ལས་གྲྭའི་སྦྱིན་བདག་མང་པོ་ཞིག་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་གིས་འཛུགས་སྐྲུན་བྱ་རྒྱུའི་གོ་སྐབས་བྱུང་སོང་།  གཏན་འཁེལ་ནས་བརྗོད་ཐུབ་པ་ནི་མང་ཚོགས་ལ་ཡོང་འབབ་ཡོང་བ་དང་སྦྲགས་སྦྱིན་བདག་ཕལ་ཆེར་བ་ཕྱུག་པོ་ཆེན་པོ་ཆགས་ཡོད་པ་རེད།

༥ གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་མང་ཆེ་བས་བརྒྱུད་སྐུར་བྱེད་པའི་པར་ནི་མང་ཚོགས་ལ་ཚོགས་འདུ་ཚོགས་པ་དང་སྐབས་རེ་ཟ་འབྲུ་ཐར་ཐོར་སྤྲད་པའི་སྐོར་རེད་འདུག

༦ དབུལ་སྐྱོར་གནད་འཕིགས་བྱེད་སྒོར་དུས་བཀག་ནང་དབུལ་གྲོལ་བྱུང་བའི་གཏམ་བཟང་བརྒྱུད་བསྒྲགས་ཤུགས་ཆེན་པོ་བྱུང་སོང་། སྤྱིར་བཏང་བྱས་ན་ད་ལྟ་དབུལ་ཕོངས་ཁྱིམ་ཚང་གཅིག་ཀྱང་ལུས་ཡོད་ཀྱི་མ་རེད།

༧ དགེ་རྒན་ལ་ལག་རྟགས་སྤྲོད་པའི་སྐོར་ལ་བུ་མོ་ཁོང་གི་བརྙན་ཐུང་དེར་ཁ་རྡུང་དྲག་པོ་བཏང་སོང་ལ་རྒྱབ་སྐྱོར་ཡང་བྱས་སོང་། འོན་ཏེ་སྔར་ཡོད་ཀྱི་གནས་ཚུལ་ལ་འགྱུར་བ་ཅི་ཡང་བྱུང་མི་འདུག

༨ ཡུལ་སྐོར་བས་བོད་ཀྱི་གོམས་གཤིས་ལ་བརྩི་སྲུང་མི་ཞུ་བའི་སྐོར་ལ་མ་བྱུང་མ་འགྲིག་གི་རྡུང་རྡེག་ཚ་ནན་བཏང་མོད་ཀྱང་བོད་མི་མང་ཆེ་བའི་སེམས་པའི་ནང་གནས་ཚུལ་དེ་རིགས་འགྱུར་བ་འགྲོ་བའི་གདེང་ཚོད་མེད་པ་རེད།

༩ དཔལ་ལྷའི་དུས་ཆེན་ལ་དངུལ་ཐད་ཀར་སློང་མཁན་ཉུང་དུ་ཕྱིན་མོད། འཕྲིན་ཕྲན་ནང་

དུ་ཤོག་ཆག་སློངས་ནས་སྔར་བཞིན་སློང་མོའི་དུས་ཆེན་རོལ་བཞིན་ཡོད་འདུག

༡༠ ཨ་ཅག་སྒྲོལ་མས་༢༠༡༦ལོར་རྒྱ་ཁོག་ཟས་པའི་པར་ཐེངས་150བཀྲམས་པ་དང་བུ་

བཀྲ་ཤིས་ཀྱིས་ཞབས་ཏག་བརྒྱབ་པའི་པར་200དེ་བཞིན་སྐྱིད་ལུད་ཀྱིས་ཤོ་བརྒྱབ་པའི་པར་60བཅས་བཀྲམས་འདུག

༡༡ བུ་མོ་སྐལ་བཟང་ལ་འཕྲིན་ཕྲན་ཐོག་གི་ཚོང་ལས་ཀྱི་བྲོ་བ་བརྙེད་ནས་མུ་མཐུད་ཚོང་རྒྱབ་པ་དང་བུ་མོ་བདེ་སྐྱིད་ནི་མ་རྩ་རྡིབ་ནས་འཕྲིན་ཕྲན་ཚོང་ལས་ཡོངས་སུ་སྤངས་འདུག

༡༢ འདི་ལོའི་རིང་ལ་ལོ་རབས་བརྒྱད་ཅུ་བའི་ཕ་མ་མང་ཆེ་བ་ཕྲུ་གུའི་སྦྱོང་ཚན་མང་བའི་སྐོར་ལ་འུ་ཐུག་པའི་གནད་དོན་ཞིག་ཡང་ཡང་བརྗོད་ཀྱི་འདུག

༡༣ ཕྲུ་གུ་བརླགས་པའི་བོར་བརྡ་ལོ་སྔོ་མ་དང་བསྡུར་ན་ཉུང་དུ་ཕྱིན་པ་དང་ཕྲུ་གུ་མང་ཆེ་བ་ཕལ་ཆེར་ཆུ་ཚོད་གཅིག་མ་འགོར་བར་བརྙེད་ཀྱི་འདུག དེ་བོར་བརྡ་མགྱོགས་དྲགས་པས་བཟོས་པ་རེད་ཅེས་ཚང་མས་ཁས་ལེན་གྱི་འདུག

༡༤  ན་ནིང་བཞེས་ནིང་གཞས་གཅིག་གིས་སྐད་གྲགས་ཆོད་པའི་གླུ་བ་རྣམས་ད་ལོ་གོ་རྒྱུ་ཐོས་རྒྱུ་མི་འདུག

༡༥ པེ་ཅིན་བརྙན་འཕྲིན་ཁང་གིས་བུ་སྤེན་པ་འཚལ་རྒྱུར་དཀའ་བ་ཚད་མེད་སྤྱད་མོད། བརྙེད་ནས་ཁ་ཡ་བྱས་མི་འདུག

༡༦ གནས་ཚུལ་ལ་བརྟག་དཔྱད་མ་བྱས་པར་བརྒྱུད་སྐུར་བྱེད་པའི་གནད་དོན་ཤུགས་ཆེ་ཇེར་འགྲོ་བཞིན་ཡོད་པ་དེས་བོད་ལྗོངས་ཀྱི་འཕྲིན་གྲོགས་རྣམས་ཡ་མ་བརླ་པོ་ཡིན་པ་ངོ་སྤྲོད་བྱས་ཡོད་པ་རེད།

༡༧ འཕྲིན་ཕྲན་ཐོག་དཀྲོག་གཏམ་མང་པོ་ཡོད་པ་དོན་དངོས་སུ་འགྱུར་བ་དང་དཀྲོག་གཏམ་དགས་སེལ་བྱེད་མཁན་གཞུང་ཕྱོགས་ཀྱི་དྲ་བ་ཁག་ཀྱང་སྐད་ཆའི་དྲོད་མ་ཡལ་གོང་ནས་རྒྱུགས་ཡོང་བ་དེས་མི་ཚང་མར་སེམས་ལྷོད་ལྷོད་ཀྱི་བདེ་བ་སྐྲུན་གནང་འདུག

༡༨ སྟོད་ལུང་ནས་ཤ་རྫུན་མ་དང་ལྷ་སའི་ཁུལ་ག་གེ་མོ་ནས་འོ་རྩམ་རྫུན་མ་བཟོས་འདུག

༡༩  འདི་ལོའི་རིང་གནམ་གྲུའི་པ་སེ་འཕྱར་འཕྱར་བྱེད་མཁན་ཁྱོན་སྟོང་ལ་ཉེ་བ་དང་ གནམ་གྲུའི་གཤོག་པའི་པར་མཁན་ཁ་གྲངས་500ཙམ་སླེབས་འདུག

༢༠ རུལ་སུངས་ངོ་རྒོལ་གྱི་བྱེད་སྒོ་ཚ་མནན་སྤེལ་སྟབས་དགའ་སྐྱེལ་དང་སྐྱེས་སྐར་སོགས་ལྐོག་ཏུ་གཏོང་བ་ལས་འཕྲིན་ཕྲན་ཐོག་དེ་ཙམ་མཐོང་རྒྱུ་མེད་པ་ཆགས་འདུག

༢༡ སྐུ་ཞབས་པད་མ་ཚེ་བརྟན་གྱི་གློག་བརྙན་ཐར་ལོའི་བརྒྱུད་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་ནས་བོད་ལྗོངས་ཀྱི་འཕྲིན་ཕྲན་ཐོག་ཚ་ཚ་འུར་འུར་ངང་བརྒྱུད་སྐུར་བྱས་ཡོད་མོད། གློག་བརྙན་ཁང་དུ་བལྟ་བར་འགྲོ་མཁན་དེ་ཙམ་བྱུང་མེད་པ་དོན་དངོས་ཡིན་འདུག

༢༢ དགའ་ལྡན་སྐུ་ཞབས་སྙན་གྲགས་ལགས་ཀྱི་གསུང་ཆོས་ཀྱིས་དབུས་གཙང་བོད་མི་སྤྱི་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ལ་ཕན་ནུས་ཆེན་པོ་བྱུང་སོང་།

༢༣ ནང་སར་བོད་ཀྱི་ནང་ཆོས་བསྟན་པ་སྤེལ་བར་ཁ་གཡར་ནས་རྒྱུ་དངུལ་གསོག་འཇོག་བྱེད་མཁན་གྱི་རྒྱ་རིགས་དང་བོད་རིགས་གྲ་པ་མི་ཉུང་བ་ཞིག་གི་གདོང་ལྤགས་ཀྱང་སེར་མོས་བཤུས་སོང་།

༢༤  གྲོང་ཚོར་བཅའ་སྡོད་ཨ་ཅག་ཚེ་སྒྲོལ་ལགས་ཀྱིས་གྲོང་ཚོར་བྱས་བཞག་པའི་ལས་ཀ་ཆེ་ཆུང་མེད་པ་ཚང་མ་ཆད་ལུས་མེད་པར་འཕྲིན་ཕྲན་ནས་གྲོགས་པོ་རྣམས་ལ་བཏོན་སོང་། དེ་གཙོ་བོ་ལས་ཁུངས་མི་རྣམས་ལ་བཏོན་གྱི་ཡོད་པ་རེད།

༢༥  ན་ནིང་དང་བཞེས་ནིང་ལོ་ལ་མྰ་ག་ཟེར་མཁན་སྔོ་སྨན་སྐད་གྲགས་ཆེན་པོ་དེ་འདི་ལོའི་འཕྲིན་ཕྲན་ཐོག་གོ་རྒྱུ་མེད་པ་ཆགས་འདུག

༢༦ དོན་གྲུབ་དང་དབང་མོ། དེ་བཞིན་ཕུར་བཀྲ་སོགས་ཀྱིས་མོ་ཊ་གསར་པ་ཉོས་པ་དང་ཕུར་བཀྲའི་མོ་ཊ་ལ་འགྲིམ་འགྲུལ་ཉེན་རྟོག་པས་ཉེས་ཆད་པ་སེ་ཡང་དྲུག་བདུན་ཞིག་སྤྲད་ཚར་འདུག

༢༨  འདི་ལོའི་རིང་ལས་ཁུངས་མིའི་བརྒྱ་ཆ་བརྒྱད་ཅུ་ཚོགས་འདུ་ལ་ཟད་པ་དང་ཁོང་ཚོས་ཚོགས་འདུ་ལ་བཞུགས་མི་འདོད་པའི་ཁོང་ཁྲོའི་རྣམ་འགྱུར་ཡང་ཚོགས་རྭའི་པར་དང་བཅས་ཀུན་ལ་བཀྲམས་སོང་།

༢༩  བོད་རིགས་བུ་མོ་གཅིག་གིས་ཆོས་མཇལ་བྱེད་པ་ལ་རྫུས་ནས་དགོན་པའི་ནང་དངུལ་རྐུ་མ་བརྐུས་འདུག

༣༠ འཕྲིན་ཕྲན་ཐོག་ལྷ་ས་དང་གཞིས་རྩེའི་ཁང་པ་མང་པོ་ཚོང་རྒྱུའི་བརྡ་ཁྱབ་བཀྲམས་རུང་ཉོ་མཁན་དཀོན་པོ་ཡིན་འདུག  དེའི་ཐོག་ནས་དབུས་གཙང་གི་ཁང་པའི་གོང་ཚད་ད་དུང་མཐོ་པོ་ཡིན་པ་གསལ་བཤད་ཐུབ་ཡོད་པ་རེད།

༣༡ འདི་ལོའི་རིང་མི་མང་ཆེ་བ་ཞིག་གིས་འཕྲིན་ཕྲན་ཞལ་འདེ ས་ལ་དོ་སྣང་གནང་མ་སོང་། དེའི་རྒྱུ་མཚན་ནི་འཕྲིན་གྲོགས་རྣམས་ཀྱིས་ནད་པས་ནད་གཞི་བྱུང་སྐབས་སྲིད་གཞུང་མི་འཚོལ་བར་འཕྲིན་ཕྲན་ཞལ་འདེ ས་ལ་རེ་བའི་གོམས་གཤིས་ངན་པ་ཡོང་བཞིན་ཡོད་པ་ཤེས་རྟོགས་བྱུང་བས་རེད།







请到「今天看啥」查看全文