专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
西藏发布  ·  《实施细则》出台!涉及拉萨这些人! ·  2 天前  
TGB湖南人  ·  云计算和本地一体机齐头并进 ·  2 天前  
西藏发布  ·  次旦玉珍夺得滑雪登山亚冬会历史首金 ·  3 天前  
TGB湖南人  ·  DeepSeek,AI时代的超级增长数据,太 ... ·  3 天前  
51好读  ›  专栏  ›  日喀则在线

【魅力藏文】གང་ལྟར་ང་ཚོ་འདི་ནས་འགྲོ་དགོས།

日喀则在线  · 公众号  · 西藏  · 2016-12-17 16:53

正文

གང་ལྟར་ང་ཚོ་འདི་ནས་འགྲོ་དགོས།

དེ་རིང་གི་འཚོ་བ་དེ་ཇི་འདྲའི་འབྱོར་ཡང་།

ཁ་སང་གི་རྨི་ལམ་དེ་ཇི་འདྲའི་མཛེས་ཀྱང་།

སང་ཉིན་གྱི་ལམ་བུར་འཆར་གཞི་ཇི་ལྟར་མང་ཡང་།

ཉིན་གཅིག་གང་ལྟར་ང་ཚོ་གཅེར་བུར་འགྲོ་དགོས།

འབྱོར་ཡང་ཚིམས་རྒྱུ་མེད་པའི་འཇིག་རྟེན་འདི་ནས།

དབུལ་ཡང་ཁྲེལ་རྒྱུ་མེད་པའི་འཇིག་རྟེན་འདི་ནས།

ང་དང་ང་ཞེས་པའི་ང་རྒྱལ་གྱི་ཁུར་པོ་ལྗིད་རུང་།

གང་ལྟར་ང་ཚོ་ཚང་མ་འགྲོ་སའི་ཁ་ཕྱོགས་གཅིག

བསམ་ཕྱོགས་དང་གླེང་ཕྱོགས་ཤིག་ལས།

ང་ཚོ་ཚང་མ་སྡིག་པའི་ཕུང་པོ་དེ་ཡིན་ལ།

རྣམ་ཤེས་ཡལ་བའི་མི་ཡུལ་གྱིི་མགྲོན་པོ།

ཁ་ཕྱོགས་འཆོལ་བའི་སྨུག་ཁྲོད་ཀྱི་ལམ་པ།

སེམས་དང་སེམས་པའི་འཁྱེར་བཟོ་ལས།

ལུས་དང་གྲིབ་མའི་འགྲོ་ཕྱོགས་ཙམ།

ཡིག་དྲུག་གི་དབྱངས་རྟར་འཁྱུད་དེ།

སྡིག་པའི་ཕུང་པོ་རྒྱབ་ཏུ་འཁུར་ནས།

གང་ལྟར་ང་ཚོ་འདི་ནས་འགྲོ་དགོས།

འགྲོ་བའི་ལམ་བུར་དབྱེ་བ་ཅི་ཡང་མེད་པས།

ད་དུང་ང་ཚོ་ཅི་ཞིག་ལ་རྩོད་དམ།

明日藏历 སང་ཉིན་ལོ་ཐོ།








请到「今天看啥」查看全文