日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则 |
|
西藏发布 · 西藏跨省异地就医人员注意! · 昨天 |
|
TGB湖南人 · 【2.6复盘】放量反包加普涨,该来的反弹还是 ... · 昨天 |
|
西藏文旅 · 游客注意!西藏这两条徒步线路,暂时关闭! · 2 天前 |
|
西藏文旅 · 游客注意!西藏这两条徒步线路,暂时关闭! · 2 天前 |
|
西藏发布 · 藏晚最新消息! · 3 天前 |
|
西藏发布 · 藏晚最新消息! · 3 天前 |
|
网信西藏 · 扎巴益西等人请保持电话畅通! · 4 天前 |
གྲོགས་ལ་བྲིས་པ།
ར་ས་བསྟན་ཆོས།
ཆང་ཕོར་དེ་དབྱུགས་ཤིང་། སྦག་ལྕོག་དེ་གཅོག་དང་།
འཚོ་བ་ནི། སྦི་རག་དང་མཱ་ཅང་གཅིག་པུ་ཡིན་མི་སྲིད།
ང་ཚོས་གླེགས་ཐག་དཀྲོལ་ཏེ་མེས་པོའི་དགོངས་བཅུད་བླངས་ཆོག་ལ།
ང་ཚོས་རྐང་ཐང་སྤོས་ཏེ་ཕ་ཡུལ་གྱི་རི་ཀླུང་མྱུལ་ཡང་ཆོག
ད་དུང་། ང་ཚོར་དད་པ་དང་ཤེས་རབ་ཟེར་བ་ཞིག་ཀྱང་ཡོད།
ཆང་ཕོར་དེ་དབྱུགས་ཤིང་། སྦག་ལྕོག་དེ་གཅོག་དང་།
འཚོ་བ་ནི། སྦི་རག་དང་མཱ་ཅང་གཅིག་པུ་ཡིན་མི་སྲིད།
ང་ཚོས་ནུབ་ཕྱོགས་ཀྱི་ཤེས་རིག་གླེང་གིན།
ང་ཚོས་ནང་བསྟན་གྱི་ལྟ་གྲུབ་ལ་བསྡུར་ཡང་ཆོག
ད་དུང་། ང་ཚོས་ཕྱོགས་གང་སར་བསྐོར་བ་བརྒྱབ་པའི་མཐར།
མཐར་ལོག་ཡུལ། རང་ཉིད་ཀྱི་ཚང་དེ་མ་གཏོགས་མེད་པ་ཤེས་ཐུབ།
ཆང་ཕོར་དེ་དབྱུགས་ཤིང་། སྦག་ལྕོག་དེ་གཅོག་དང་།
འཚོ་བ་ནི། སྦི་རག་དང་མཱ་ཅང་གཅིག་པུ་ཡིན་མི་སྲིད།
ང་ཚོས་མགོ་བོ་ཡར་འདེགས་ན། ཕ་མེས་ཀྱི་བཞིན་དང་འདྲ་བའི་ནམ་མཁའ་རིག་ཐུབ་ལ།
ང་ཚོས་མགོ་བོ་མར་ཕབ་ན། ད་དུང་འགྲོ་རྒྱུར་ལུས་པའི་ལམ་བུ་རིང་ཙམ་དེ་མཐོང་ཐུབ།
ད་དུང་། དྲང་ཐད་དུ་བལྟས་ན།
ནགས་ཚལ་ལྟར་འཛིང་བའི་མདུན་ལྗོངས་དེའང་གསལ་པོ་ཞིག་ཤེས་ཐུབ།
ཆང་ཕོར་དེ་དབྱུགས་ཤིང་། སྦག་ལྕོག་དེ་གཅོག་དང་།
འཚོ་བ་ནི། སྦི་རག་དང་མཱ་ཅང་གཅིག་པུ་ཡིན་མི་སྲིད།
འགོ་ཁྲིད་ལ་སྦི་རག་བཏེགས་ཏེ་སྤྲེལ་ལད་བྱེད་པ་ནི། ང་ཚོའི་སྲོལ་མ་རེད་ལ།
མཱ་ཅང་ལས་འགོ་ཁྲིད་ལ་སྒོར་མོ་ཤོར་ཁུལ་བྱེད་པ་དེའང་། ང་ཚོའི་ལམ་མ་རེད།
ང་ཚོ་ལ། ལས་རྒྱུ་འབྲས་དང་ཁྲེལ་ངོ་ཚ་ཟེར་བ་ཞིག་ཀྱང་ཡོད།
ཆང་ཕོར་དེ་དབྱུགས་ཤིང་། སྦག་ལྕོག་དེ་གཅོག་དང་།
འཚོ་བ་ནི། སྦི་རག་དང་མཱ་ཅང་གཅིག་པུ་ཡིན་མི་སྲིད།
ཆང་འཐུང་དེ་གཟི་བརྗིད་དང་ངོམས་སོར་རློམ་ཞིང་།
རྒྱན་སྐུགས་དེ་རྒྱུན་ལྟོ་ལྟ་བུ་ཞིག་ཏུ་འགྲོ་སྐབས།
ངག་ནས་ལྗིད་ཏིག་ཏིག་གི་སྐད་ཆ་སྦོམ་པོ་ཇི་ཙམ་བཤད་རུང་།
དོན་དུ། ནང་སྙིང་གི་རིན་ཐང་འཇལ་བྱེད་ཀྱི་རྒྱ་མར་ཡང་ལྕི་ཤོར་ཟིན་པ་རེད།