ཚེ་དབང་དཔལ་འབྱོར་གྱིས་བསྒྲིགས།
གཙང་ཁུལ་
དུ་
བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་
ལོ་གསར་
གཏོང་སྲོལ་ཡོད
་པ་དང་
དེའི་རྒྱུ་མཚན་གཙོ་བོ་ནི་གཙང་ཁུལ་
དུ་
ཞིང་ལས་ཀྱི་དུས་ཚིགས་དང་བསྟུན་
ནས་
སོ་ནམ་ལོ་གསར་ཞེས་
པ་ཞིག་གཏོང་སྲོལ་ཆགས་ཡོད་པ་དེ་ཡིན། འདི་ལོའི་བོད་ཟླ་བཅུ་གཉིས་གྱི་
ཚེས་གཅིག་
ནས་བཟུང་
གཞིས་རྩེའི་ས་ཕྱོགས་གང་སར་ལོ་གསར་དགའ་གཏོང་གི་རྣམ་པས་རབ་ཏུ་ཁེངས་ཡོད།
གླིང་དཀར་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གྲང་ལུང་ཤང་དུ་ཆགས་ཡོད་པའི་མཐའ་མཚམས་ཀྱི་ས་མ་འབྲོག་གྲོང་ཚོ་ཞིག་རེད་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་རྨི་4500ཙམ་ཡོད། གྲོང་ཚོ་འདི་ནི་ཏང་གི་ཡང་དག་སྲིད་ཇུས་བཟང་པོའི་འོག་འཕེལ་རྒྱས་མྱུར་པོར་འགྲོ་བཞིན་པའི་སྔོན་ཐོན་གྲོང་ཚོ་ཞིག་ཡིན། འདི་ལོའི་སོ་ནམ་ལོ་གསར་གྱི་ཚེས་
བཞིན་ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་པ་ཙམ་ལ་
གྲོང་ཚོའི་
མངས་ཚོགས་རྣམས་ཀྱི་ལུས་ལ
་དུས་ཆེན་གྱི་གཟབ་མཆོར་
ལེགས་པར་
སྤྲས་ཏེ་དགའ་སྤྲོའི་
ངང་
གྲོང་
ཚོ་
ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང་
མཉམ་འཛོམས་གྱིས་སྒོ་ནས་འཁྲུག་ཆ་དོད་པའི་
ཞབས་བྲོ་འཁྲབ་པ་དང་
སྙན་པའི་ཆང་གཞས་ལེན་པ་ད་དུང་
ཐག་
པ་
འཐེན་
པ་དང་བང་རྒྱུགས་འགྲན་བསྡུར་
སོགས་
སྣ་མང་ཕུན་སུམ་ཚོགས་པའི་
རྟེན་འབྲེལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་
ཏེ་དགའ་སྤྲོའི་ངང་ནས་སོ་ནམ་ལོ་གསར་དགའ་གཏོང་བྱས་ཡོད།
1 གྲོང་མི་རྣམས་འཁྲུག་ཆ་དོད་པའི་སྒོ་རའི་ནང་གྲལ་གྱི་བཞུགས་པ།
2 ལོ་གསར་རྣམས་པའི་ཡོངས་སུ་ཁེངས་པའི་གྲོང་ཚོའི་ཟུར་ཞིག
3 འཁྲུག་ཆ་དོད་པའི་སྟོད་གཞས་འཁྲབ་བཞིན་པ
4 ཐག་འཐེན་འགྲན་བསྡུར།
5 ཕན་ཚུན་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པ།