专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
老张投资笔记  ·  出乎意料,西藏人均收入这么高! ·  5 天前  
老张投资笔记  ·  出乎意料,西藏人均收入这么高! ·  5 天前  
51好读  ›  专栏  ›  日喀则在线

【魅力藏文】གབ་ཚིག

日喀则在线  · 公众号  · 西藏  · 2016-12-04 16:50

正文


སྔོན་པོ་ཐང་གི་ཐང་དཀྱིལ་ན།།
གསེར་གྱི་ཟོར་བ་ཡུ་མེད་ཅིག།


སྐྱ་ཀ་ཁྲ་མོ་ཁུང་འཛུལ་མ།།
རྔ་མདའ་ལེབ་མོས་སྒོ་གཅོད་མ།།


བྱི་རུ་དམར་བོར་སྒམ་ཆུང་ནང་།།
གསེར་གྱི་དོང་ཙེ་བརྒྱ་ཡིས་བཀང་།།


མི་བརྒྱ་ལ་སྐེ་རགས་གཅིག་ཡོད་པ་དེ་གང་ཡིན་ནམ།


ཕྱི་མཁར་མོ་ཡག་གི་མཁར་ནང་ན།།
ནང་མཚོ་མོ་ཡག་གི་མཚོ་ནང་ན།།
ཤིང་གུཡ་ཀུམ་རྒྱལ་བོའི་རྩེ་མོ་ན།།
རྗ་བླ་མ་ན་བཟའ་སེར་བོ་ཅན།།


ཙན་དན་སྡོང་བོའི་རྩེ་མོ་ནས།
གཡུ་འབྲུག་སྔོན་མོས་འཁྱུག་འགྲོས་བྱེད།


རི་གསུམ་མགོ་ལ་བྱ་ཞིག་བབས།
བྱ་དེའི་ཁོག་པ་བྱུ་རུས་གང་།


འགྲོ་དུས་ཟུར་གྱིས་འགྲོ།
འདུག་དུས་ལེབ་གྱིས་འདུག


བྲག་གི་ར་མ་སྔོ་རིས་མ།
ལྷུང་ལ་ཡོད་ཀྱང་ལྷུང་རྒྱུ་མེད།

༡༠
ཐང་དཀར་བོ་ཞིག་ན།
ལུག་ནག་པོ་ཞིག
ལུག་རྫི་གླུ་བ་ཞིག

༡༡
འདོ་རིགས་རྟ་ཕོ་དྲུག་ཞིང་ཅན།།
ལྕགས་ཀྱི་སྒ་ཆ་ལྷུ་མང་ཅན།།
ཟངས་ཀྱི་བུ་ཆུང་ཞེ་སྡང་ཅན།

༡༢
རྒྱ་ནག་ཡུལ་གྱི་གོས་གོན་མ།།
རྒྱ་མཚོའི་གཏིང་གི་ཆུ་འཐུང་མ།།
རྒྱ་རྫོང་ནགས་ཀྱི་བྱ་འཛིན་མ།།

༡༣
བན་དེ་གཟན་ཤམ་དམར་པོ་ཅན།།
ཁོག་ན་ཤིང་གི་གྲོད་པུ་ཅན།།

༡༤
ནམ་ཚོད་འཛིན་པའི་ལྷ།།
ཐང་མ་བརྡལ་བའི་འདྲེ།།

༡༥
མགོ་ནི་སྲིད་པའི་ཨ་ལོང་འདྲ།།
སྐེད་པ་དངུལ་དཀར་མེ་ལོང་འདྲ།།
རྔ་མ་སྦྲུལ་གྱི་མཇུག་མ་འདྲ།།
སྟོང་གསུམ་ཀླད་ལ་སྐོར་ཉིན་དེར།།
དུད་འགྲོ་ཟོག་གི་སྙིང་རྕ་འདར།

༡༦
གོར་གོར་ཟླ་འདྲ་འདྲ །
ནང་གྲུ་བཞི་བྲེ་འདྲ་འདྲ །

༡༧
རྒྱ་གར་ཡུལ་ནས་བྱ་ཞིག་ཡོང་།
རྒྱ་མཚོའི་ནང་ལ་མཆུ་ཞིག་བཤལ།
ཕ་གིའི་ཐང་ལ་རྗེས་ཤིག་ཕག

༡༨
སྐྱེས་གཟུགས་དྲང་བའི་དཔའ་བོ་ཞིག
ཀླད་པའི་གཙིག་ན་ཁ་ཞིག་ཡོད །
འགྲམ་པའི་ཐོག་ན་སྤུ་ཞིག་ཡོད །
རྐང་བའི་མཐིལ་ན་ལ་ལྕགས་ཤིག་ཡོད །

༡༩
མཁའ་འགྲོའི་བུ་མོ་གླུ་ལེན་མ །
ས་འཛིན་མེ་ཏོག་བཅུད་ལེན་མ །
དར་ཚོན་སྣ་ལྔའི་གོས་གོན་མ །
དུད་བཞིའི་དབྱར་སྟོན་འཚོལ་མཁན་མ །


明日藏历 སང་ཉིན་ལོ་ཐོ།


གཞིས་རྩེའི་དྲ་ཐོག

 点击“阅读原文”,即可查看“视频”,也可寻找你想要的更多内容。。。