专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
51好读  ›  专栏  ›  日喀则在线

【魅力藏文】དགའ་ལྡན་ལྔ་མཆོད་ཆེན་མོའི་དམིགས་བརྩེ་མ།

日喀则在线  · 公众号  · 西藏  · 2016-12-23 13:48

正文


དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།

དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

འདུལ་བསྟན་གཞིར་བཞེངས་སློང་མཁན་བློ་བཟང་གྲགས།།

ཚད་མའི་རིགས་ལམ་གསལ་མཛད་བློ་བཟང་གྲགས།།

མདོ་སྔགས་ལམ་རིམ་རྒྱས་མཛད་བློ་བཟང་གྲགས།།

སྒྱུ་འོད་ཟབ་གནད་འགྲོལ་མཁན་བློ་བཟང་གྲགས།།

སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་པ།།

རྒྱལ་བསྟན་འགལ་མེད་སྒྲུབ་མཛད་ཙོང་ཁ་པ།།

གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།།


རིགས་ཀྱི་སྲོག་ཟུངས་ཡབ་རྗེ་ཙོང་ཁ་པ།།

ཁྱེད་ཉིད་མཆོད་བསྟོད་རྗེས་སུ་དྲན་བྱེད་ན།།

འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པར་མཛོད།།

གང་ཉིད་འཛམ་གླིང་སྤྱི་པའི་བསོད་ནམས་ཀྱི།།

སྐལ་པར་བྱོན་ཡང་མཛད་དྲིན་མི་བསམ་པར།།

ཕྱོགས་འཛིན་བློ་ཡིས་ཐུབ་བསྟན་དཀྲུགས་བྱེད་པ།།

ནོར་བུའི་ནོར་ཉམས་མ་ཆོད་ཡིད་རེ་ཕངས།།

བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ།།

ཆུ་ཤེལ་མེ་རྡོ་བྱེད་པའི་ས་ཆ་འདིར།།

རང་མགོ་ཚོས་མཁན་དྲང་པོའི་བློ་ཅན་དཀོན།།

ཀྱེ་ཧོ་བསོད་སྐམ་རྣམས་ལ་ཡར་འགྲོ(་འི་རེ་བ་)མེད།།

明日藏历 སང་ཉིན་ལོ་ཐོ།

གཞིས་རྩེའི་དྲ་ཐོག

 点击“阅读原文”,即可查看“视频”,也可寻找你想要的更多内容。。。