情牵珠峰毗邻的西藏定日县
祈愿山河宁静,人间无恙
在海拔4300至5000米之间的西藏定日县,毗邻珠峰,承载着生命的坚韧与生活的艰辛。近日,强烈地震突袭,让本就艰难的生活雪上加霜,灾后重建之路漫长且布满荆棘。
地震后,寺庙的僧侣们迅速行动,为逝者诵经超度,为亡魂祈求安息,同时也为生者送上坚强的力量。与此同时,社会各界的爱心人士也迅速响应,我们的捐赠的500顶帐篷,已紧急运往灾区,为受灾群众提供最紧迫的生活保障。
此刻,我身在北京的慈爱公益会议中。我们深知人类与自然的和谐共生之道,从“天人合一”的东方智慧中汲取力量。我们敬畏这片高原,祈愿地震的创伤能早日平复。愿雪山依旧巍峨,河流继续澄澈流淌,草原广袤如初。
在灾后重建的道路上,我们将与灾区人民携手共进,共克时艰。我们坚信,经过磨难的洗礼,这片土地将焕发新的生机,迈向更加美好的明天。
——加措合十
མཚོ་འཕགས་4300ནས་5000བར་དུ་གནས་པའི་བོད་ལྗོངས་དིང་རི་རྫོང་ནི། རི་བོ་ཇོ་མོ་གླང་མར་འདབས་འབྲེལ་དུ་ཆགས་ཤིང་། ས་བབ་དང་འཚོ་དབུགས་ཞན་པས་དེར་འཚོ་བ་རོལ་མཁན་ནི་གཞི་ནས་སླ་མོ་མིན་ལ། ཉེ་ཆར་ས་ཡོམ་གྱིས་འཇབ་རྒོལ་ཐེབས་པ་ནི་དཔྱིད་མུ་གེའི་སྟེང་ལ་ཟླ་ལྷག་ལས་མ་འདས། རང་བྱུང་གི་འཇིགས་པ་ཚབ་ཆེན་འདིའི་མི་རྒྱུ་གཉིས་ལ་གོད་ཆགས་ཆེ་ཞིང་། གནོད་ཐེབས་རྗེས་ཀྱི་བསྐྱར་བསྐྲུན་ཡང་དཀའ་ངལ་རབ་ཏུ་ཆེ་བའི་འགག་འཕྲང་རིང་བོ་ཞིག་རེད།
ས་འགུལ་གྱི་གོད་ཆགས་ཐེབས་རྗེས་ཉེ་འདབས་ཀྱི་དགོན་སྡེའི་བླ་གྲྭ་གང་མང་གིས་མི་སྣ་མྱུར་སྐྱོབ་དང་། གཤིན་པོར་བསྔོ་སྨོན། ཤུལ་ལུས་ནང་མི་ལ་སེམས་གསོ་དང་འཚོ་བའི་མཁོ་ཆས་གནང་བ་སོགས་ཀྱི་བྱ་བཞག་ཁྱད་དུ་འཕགས་པར་ཞུགས་པ་དང་། དུས་མཉམ་དུ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བྱམས་བརྩེ་ལྡན་པའི་མི་སྣ་མང་པོས་གོད་ཆགས་ལ་གདོང་གནང་རོགས་དང་གདུང་སེམས་མཉམ་བསྐྱེད་གནང་བར་བཀའ་དྲིན་དང་རྗེས་སུ་ཡི་རངས་ཞུ་འོས། ང་ཚོས་ཀྱང་རས་གུར་500གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་ལ་ཕུལ་ཡོད་ཅིང་། གང་མགྱོགས་གནོད་ཐེབས་ས་ཁུལ་ཁག་ཏུ་འབྱོར་བ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་དཀའ་ངལ་ཕྲན་ཙམ་སེལ་ཐུབ་པའི་རེ་བ་འཆང་བཞིན་ཡོད།
ད་ལྟ་ང་རང་པེ་ཅིང་བྱམས་བརྩེ་སྤྱི་ཕན་ཐེབས་རྩ་ཚོགས་པའི་ཚོགས་འདུར་ཞུགས་ཡོད་ཅིང་། ང་ཚོས་མིའི་རིགས་དང་རང་བྱུང་གི་འཆམ་མཐུན་མཉམ་གནས་ཀྱི་རྩ་དོན་དང་། རྟེན་དང་བརྟེན་པའམ་སྣོད་དང་བཅུད་ལ་ཤར་ཕྱོགས་ཀྱི་བློ་གྲོས་ལས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ང་ཚོས་མཐོ་སྒང་གི་ཁོར་ཡུག་འདིར་སྲུང་སྐྱོང་གུས་བཀུར་བྱེད་དགོས་པར་ངེས་ཤེས་འདྲོང་ནས། ས་འགུལ་ཁྲོད་ཀྱི་རྨས་མ་དག་མྱུར་དུ་དྲག་སྐྱེད་དང་། གངས་རི་སྔར་བཞིན་བརྗིད་ཉམས་ལྡན་པ་དང་། ཆུ་བོ་མུ་མཐུད་དུ་དྭངས་ཤིང་གཙང་བར་འགྱུར་བའི་སྨོན་འདུན་འཆང་ཡོད།
གནོད་ཐེབས་རྗེས་ཀྱི་བསྐྱར་བསྐྲུན་བྱེད་པའི་ལམ་བུའི་ཐོག་ང་ཚོས་གནོད་ཐེབས་ཁུལ་གྱི་མི་དམངས་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། གདུང་སེམས་མཉམ་བསྐྱེད་དང་དཀའ་ངལ་མཉམ་སེལ་གྱིས་སྔར་བས་མཛེས་སྡུག་ལྡན་པའི་སང་ཉིན་གྱི་དིང་རི་གསར་པར་ཡིད་ཆེས་བྱས་ཡོད།
——རྒྱ་མཚོས་ཕུལ།