ང་ཚོ་གླེན་པ་ནང་བཞིན་མཉམ་དུ་ཚར་མི་འདོད་ན།
བུ་སྤུན་ནང་བཞིན་ལྷན་དུ་འདུག་ཤེས་དགོས།
གཉོམ་ཆུང་ནུས་མེད་ཅིག་གིས་གུ་ཡངས་གཏོང་ག་ལ་ཐུབ།
དེ་ནི་འཇོན་ནུས་གཉིས་ལྡན་ཞིག་གི་ཁྱད་ཆོས་རེད།
འཇིག་རྟེན་གྱི་དཀའ་ངལ་འདི་ཡོད་ཚད།
མི་ངན་ཚོའི་གདུག་རྩུབ་ཀྱིས་བཟོས་པ་མ་རེད།
མི་བཟང་ཚོའི་ཁུ་སིམ་གྱིས་བསྐྱེད་པ་རེད།
གཞན་པའི་ཚོར་སྣང་གིས་རྩེད་ཆས་མི་བྱེད་རོགས།
རྒྱུ་མཚན། གཅིག་བྱས་ན་ཐེངས་འདི་ཙམ་ལ་ཁྱེད་ལ་རྒྱལ་ཁ་ཞིག་འཐོབ་ཀྱང་སྲིད་མོད། དེ་ནས་བཟུང་སྟེ་ཁྱེད་ཀྱིས་ཚེ་གང་བོར་མི་དེ་བོར་བརླག་བཏང་བ་རེད།
གལ་སྲིད་མཛའ་བརྩེ་ཟེར་བ་དེ་ཁྱེད་ཀྱི་ཞན་ཆ་ཆེ་ཤོས་ཡིན་ན། དེ་དུས་ཁྱེད་རང་འཇིག་རྟེན་སྟེང་སྟོབས་ཤུགས་ཆེས་ཆེ་བའི་མི་དེ་ཡིན།
རྒྱལ་ཁར་རྟེན་འབྲེལ་ཞུ་བ་དེ་སྐྱིད་པོ་ཞིག་ཡིན་ནའང་།
ཕམ་ཁའི་ཉམས་མྱོང་རག་རྒྱུ་ནི་དེ་ལས་ཀྱང་གལ་ཆེའོ།
གཞུང་དྲང་ཞེས་པ་ནི་ལེགས་སྐྱེས་རྩ་ཆེན་ཞིག་ཡིན་ཙང་།
རྒྱུན་པར་མི་རྩིས་མེད་ཅིག་ལས་འཐོབ་པར་མ་སྒུག
ངས་རྒྱུན་པར་ང་ལ་མི་ཐུབ་ཟེར་མཁན་གྱི་མི་དེ་ཚོ་དྲིན་ཅན་རེད་བསམ་གྱི་འདུག རྒྱུ་མཚན་ཁོང་ཚོས་དེ་ལྟར་བཤད་པས་ཡོད་ཚད་ང་རང་ཉིད་ཀྱིས་འཇོན་སོང་།
རྩོམ་པ་པོ། སྒྱུར་མཁན། རྭ་ཚང་རིག་པ།