༄༅།།རྗེ་ཀརྨ་པའི་གསོལ་འདེབས་བཞུགས་སོ།།
ཨེ་མ་ཧོ།
ཞྭ་དང་པོ་དུས་གསུམ་མཁྱེན་པ་ལ་གསོལ་བ་འདེབས་སོ
གཉིས་པ་ཀརྨ་པཀྵི་ལ་གསོལ་བ་འདེབས་སོ།།
གསུམ་པ་རང་བྱུང་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
བཞི་པ་རོལ་པའི་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
ལྔ་པ་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་སོ།
དྲུག་པ་མཐོང་བ་དོན་ལྡན་ལ་གསོལ་བ་འདེབས་སོ།།
བདུན་པ་ཆོས་གྲགས་ལ་གསོལ་བ་འདེབས་སོ།།
བརྒྱད་པ་མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
དགུ་པ་དབང་ཕྱུག་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
བཅུ་པ་ཆོས་དབྱིངས་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
བཅུ་གཅིག་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
བཅུ་གཉིས་བྱང་ཆུབ་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
བཅུ་གསུམ་བདུད་འདུལ་རྡོ་རྗེ་ལ་གསོལ་བ་འདེབས་སོ།
བཅུ་བཞི་ཐེག་མཆོག་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
བཅོ་ལྔ་མཁའ་ཁྱབ་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
བཅུ་དྲུག་རིག་པའི་རྡེ་རྗེ་ལ་གསོལ་བ་འདེབས་སོ།།
བཅུ་བདུན་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ལ་གསོལ་བ་འདེབས་སོ།།
དྲིན་ཆེན་རྩ་པའི་བླ་མ་ལ་གསོལ་བ་འདེབས་སོ།།
བླ་མ་སྐུ་ཁམས་བཟང་ལ་གསོལ་བ་འདེབས་སོ།།
མཆོག་ཏུ་སྐུ་ཚེ་རིང་ལ་གསོལ་བ་འདེབས་སོ།།
འཕྲིན་ལས་དར་ཞིང་རྒྱས་པ་ལ་གསོལ་བ་འདེབས་སོ།།
བླ་མ་དང་འབྲལ་བ་མེད་པར་གསོལ་བ་འདེབས་སོ།།
ཞྭ་ནག་མཐོང་བ་རང་གྲོལ་ལ་གསོལ་བ་འདེབས་སོ།།
ཞྭ་ཁྲ་པདྨ་མཐོང་གྲོལ་ལ་གསོལ་བ་འདེབས་སོ།།
ཞྭ་དམར་སེར་ཉི་ཟླ་ཟུང་འབྲེལ་ལ་གསོལ་བ་འདེབས་སོ།།
རྗེ་ཀརྨ་པ་ཡི་གསོལ་འདེབས་འདི།།
ཉིན་རེ་ཚར་གསུམ་འདོན་པ་ན།།
ཤི་དམྱལ་བར་མི་འགྲོ་ཞལ་བཞེས་ཡོད།།
ལམ་ལོག་པ་མི་འགྲོ་ཞལ་བཞེས་ཡོད།།
ཚེ་གང་བར་ཆད་སེལ་བའི་ཞལ་བཞེས་ཡོད།
ཕྱི་མ་ལམ་སྣ་འདྲེན་པའི་ཞལ་བཞེས་ཡོད།།
ཀརྨ་པ་མཁྱེན་ནོ།
ཁྱེད་ཀྱི་ཁ་པར་ནང་དུ་འབྱོར་མ་དག་ཚར་གསུམ་མདོན་ཚར་རྗེས་ཁྱེད་ཀྱི་དྲྭ་གྲོགས་དག་ལ་མང་སྐུར་བྱེད་ཚེ་ཁྱེད་ལ་འཕེན་ཡོན་སམ་ཀྱི་མི་ཁྱབ་པ་ཡོད།།
ཐུགས་རྗེ་ཆེ