专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
老张投资笔记  ·  出乎意料,西藏人均收入这么高! ·  3 天前  
老张投资笔记  ·  出乎意料,西藏人均收入这么高! ·  3 天前  
51好读  ›  专栏  ›  日喀则在线

བཀས་བཅད་ཐ་སྙད་རྒྱ་བོད་གློག་རྡུལ་ཚིག་མཛོད་ངོ་སྤྲོད་མདོར་བསྡུས།

日喀则在线  · 公众号  · 西藏  · 2017-01-19 15:41

正文

༄༅།། བཀས་བཅད་ཐ་སྙད་ཀྱི་རྒྱ་བོད་གློག་རྡུལ་

ཚིག་མཛོད་ངོ་སྤྲོད་མདོར་བསྡུས།

རིན་སྤུངས་ཉི་མ་དོན་གྲུབ།

   བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་ཉེ་བའི་ལོ་དྲུག་ནང་བཀས་བཅད་གནང་བའི་ཐ་སྙད་སུམ་སྟོང་ལྷག་ཙམ་དང་རང་ཉིད་ཀྱིས་བོད་ཀྱི་གཏམ་དཔེ་རྒྱ་ཡིག་ཏུ་བསྒྱུར་བ་སུམ་རྒྱ་ཐམ་པའི་རྒྱ་བོད་གློག་རྡུལ་ཚིག་མཛོད་ཆུང་ངུ་འདི་ནི་ཆེད་བོད་ཁུལ་གྱི་ལོ་ཙྰ་བ་རྣམས་ལ་དམིགས་ནས་བཟོས་པ་ཞིག་ཡིན།  ལྷག་པར་དུ་ཐ་སྙད་ཀྱི་བསྡུ་སྒྲིག་ཐད་རང་ཉིད་ཀྱི་༢༠༡༦ལོའི་རྒྱ་བོད་ལོ་ཙྰའི་འཕྲིན་ཕྲན་འཛིན་གྲྭའི་སློབ་མ་ཚེ་དབང་དཔལ་འབྱོར་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་ཆེས་ཐོག་མའི་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་དེ་བཞིན་ཚིག་མཛོད་འདི་བཟོ་བའི་བརྒྱུད་རིམ་ཁྲོད་ཆ་འཕྲིན་ལག་རྩལ་ཐད་རྒྱ་རིགས་བློ་མཐུན་སུན་ཡྰ་ཏུང་གིས་སྔ་ཕྱི་བར་གསུམ་དུ་རོགས་སྐྱོར་དང་དགོས་ངེས་ཀྱི་ཆ་འཕྲིན་ལག་རྩལ་མང་དུ་བསླབས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚིག་མཛོད་འདིར་རྗེས་སུ་མུ་མཐུད་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་བཀས་བཅད་བྱས་ཟིན་པའི་ཐ་སྙད་རྣམས་བཀོད་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཚིག་མཛོད་འདི་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཚང་རུ་བཏང་རྒྱུ་ཡིན། ད་ཐེངས་རྒྱ་བོད་གློག་རྡུལ་ཚིག་མཛོད་ཆུང་ངུ་དེ་མི་སྒེེར་གྱི་ལས་ཞོར་དུ་བསྒྲིགས་པ་ཞིག་ཡིན་པས་དེར་བརྟེན་ཕྱོགས་གང་ཅའི་ཐད་ལ་ནོར་འཁྲུལ་དང་མི་འདང་བའི་ཆ་མང་པོ་ཡོད་སྲིད་རེ་བར་རྒྱ་ཆེའི་ཡིག་བསྒྱུར་ལས་རིགས་ལ་དགའ་ཞེན་ཆེ་བ་རྣམས་ཀྱི་རྩ་ཆེའི་དགོང་འཆར་གང་མང་ཡོད་པ་མཁྱེན་ལ་ཞོར་དུ་གློག་རྡུལ་ཚིག་མཛོད་དེའི་ནང་མེད་པའི་བཀས་བཅད་ཟིན་པའི་ཐ་སྙད་ཡོད་ཚེ་ང་ཚོར་འབྲེལ་བ་བྱས་ཏེ་འབྲེལ་ཡོད་ཡིག་སྒམ་ནང་གང་མང་བསྐུར་རྒྱུའི་རེ་བ་ཤིན་ཏུ་ཆེའོ།།

མཆན། གློག་རྡུལ་ཚིག་མཛོད་ནང་མེད་པའི་བཀས་བཅད་ཟིན་པའི་ཐ་སྙད་བསྐུར་སའི་ཡིག་སྒམ་

[email protected]

གཉིས་པ་།  ཚིག་མཛོད་ཕབ་ལེན་དང་ནང་འཇུག་བྱེད་ཚུལ་

༡ གཤམ་གྱི་དྲ་ཚིགས་འདི་སྤྱད་ནས་ཕབ་ལེན་བྱེེད་པ།

http://pan.baidu.com/s/1miSBhlm

༢ གཤམ་གྱི་ཡིག་སྒམ་སྤྱད་ནས་ཕབ་ལེན་བྱེད་པ།

邮箱号:[email protected]

密码:a123456

(登陆邮箱后打开文件中心进行下载)

༣ ནང་འཇུག་བྱེད་སྟངས་པར་རིས་ལམ་ནས་རག་ཙམ་གླེང་།

第一步

第二步

第三步

第四步

第五步

第六步

第七步

第八步

གསུམ་པ་  ཡིག་སྒྱུར་སྐོར་གྱི་ཤེས་བྱར་བཅའ་འདྲི་བྱེད་མྱོང་བ།

2016ལོའི་ཟླ་བ་༡༡པའི་ཟླ་འགོར་ཀྲུང་དབྱངས་མི་དམངས་ཀུན་ཁྱབ་གློག་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་༼ འཛམ་གླིང་ཡང་རྩེའི་ཆ་འཕྲིན་ ༽ཞེས་པའི་ལེ་ཚན་ནང་ནས་གཏོང་བའི་རིན་སྤུངས་ཉི་མ་དོན་གྲུབ་ལགས་ཀྱི་ཡིག་སྒྱུར་སྐོར་ལ་བཅའ་འདྲི་དང་ལེན་བྱེད་པའི་སྒྲ་ཕབ་དངོས་དེ་གསན་རོགས།



གཞིས་རྩེའི་དྲ་ཐོག

 点击“阅读原文”,即可查看“视频”,也可寻找你想要的更多内容。。。