专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
中国建筑  ·  创新建证美好→24节令之美·立冬 ·  昨天  
51好读  ›  专栏  ›  日喀则在线

༼དཔལ་ནཱ་ལེནྡྲའི་ཡིག་གཟུགས་གླིང་།༽ ལོ་སར་ཆེད་སྒྲིག

日喀则在线  · 公众号  · 西藏  · 2017-02-25 14:09

正文


བྲིས་པ། ཚོགས་གཙོ་ཁ་སྤུ་ཅན་ལགས།

བོད་ཀྱི་ཡིག་གཟུགས་མཁས་པའི་ཕྱག་སོར་ལས།། 

གནམ་ལོ་གསར་བའི་དགའ་སྟོན་རིས་སུ་ཕབ།།

བྲིས་པ། ཙ་སྦ་སྨྱུག་ལགས།

འདོད་རྒུའི་དཔལ་འབར་བདེ་སྐྱིད་ལྡན་པའི་ལོ།། 

བཀྲ་ཤིས་བདེ་ལེགས་ཁྱེད་ལ་ལོ་སར་ཞུ།།

བྲིས་པ། གྲུ་ཆར་ལགས།

མི་ནོར་དཔལ་གྱི་འདོད་ཡོན་ཡིད་བཞིན་འཇོ།།

བཀྲ་ཤིས་ཕྱྭ་གཡང་གཞིས་ར་བཀང་བར་ཤོག།

བྲིས་པ། ཕུར་བུ་ཚེ་རིང་ལགས།

དཔྱིད་ཀྱི་དུས་འདིར་འཇོ་བའི་འདོད་ཡོན་དཔལ།།

བཀྲ་ཤིས་བདེ་ལེགས་གནམ་ལོ་གསར་བར་བསྩོལ།།

བྲིས་པ། ཉི་མ་དོན་གྲུབ་ལགས།

འཚོ་བ་བདེ་སྐྱིད་བུ་མོས་སྒོ་མོ་རྡུང་།།

བསོད་ནམས་ལས་སྐལ་སྣུམ་པོ་གནམ་གྱིས་བགོ།

ནམ་ལངས་སྐྱ་རེངས་དང་འགྲོགས་དཔྱིད་དཔལ་བསུ།།

བྲིས་པ། མི་ཆུང་སྨན་བླ་ཐར་ལགས།

བཀྲ་ཤིས་ལོ་སར་བཀྲ་ཤིས་ཤོག།

འགྲོ་བའི་བདེ་སྐྱིད་སྐྱིད་ལ་ཤོག།

བྲིས་པ། གཡང་འཛོམས་ལགས།

རྒྱུ་འབྱོར་དབང་ཐང་རྒྱས་པའི་བཀྲ་ཤིས་ཤོག།

མི་ནོར་དཔལ་འབར་ཡོང་བའི་བཀྲ་ཤིས་ཤོག།

བྲིས་པ། མེ་པོའི་ཕྱག་རྒྱུན་ལགས།

བྲིས་པ། ཙ་སྦ་སྨྱུག་ལགས།

བྲིས་པ། འཆི་མེད

བྲིས་པ། ཕུར་བུ་ཚེ་རིང་ལགས།

བྲིས་པ། ལྷོ་གཡུ་འབྲུག་ལགས།

བྲིས་པ། ཙ་སྦ་སྨྱུག་ལགས།

རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།།

དཔལ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།།

----རྗེ་བསྟན་དར་ལྷ་རམས་པས།

ལོ་གསར་བའི་སྨོན་ཚིག

ནོར་བུ་དྲིན་ཆེན་ནས

ཁུ་བྱུག་གསུང་སྙན་གསར་བའི་ཡིད་ཁམས་གསོས། །

རྩལ་ལྡན་ཐང་དཀར་རྒོད་པོས་མིག་རྒྱང་བསྐྱེེད། །

ལུས་མཛེས་རྨ་བྱ་སྔོན་མོས་སྤྲོ་སྣང་སྦྱིན། །

བྱ་ཡི་ལོ་གསར་འདི་ལ་བཀྲ་ཤིས་ཤོག །

མེ༵་ལྕེ་བསོད་ནམས་ལྷན་དུ་བར་སྣང་འཆེད། །

བྱ༵་བ་ཅི་བྱས་ཉི་ཟླའི་འོད་ལྟར་འཚེར། །

གན༵མ་ནས་སྦྲང་ཆར་སིལ་མའི་མེ་ཏོག་འཐོར། །

ལོ༵་ཕྱུག་གས༵ར་བ༵འི་སྐྱིད་ཀྱི་དཔལ་ཡོན་རྒྱས། །

ལོ་རེ་བཞིན་དུ་འདོད་དོན་ངང་གི་འཕེལ། །

ཟླ་རེ་བཞིན་དུ་བསམ་དོན་ཡིད་བཞིན་འགྲུབ། །

ཉིན་རེ་བཞིན་དུ་སྐྱིད་ཀྱི་སྣང་བ་རྒྱས། །

རང་དབང་འོད་སྣང་གསར་བ་མྱུར་འཆར་ཤོག །

ལྷ་བྱ་ཁུ་བྱུག་གསེར་གྱི་ཁྲི་ཁར་བབས། །

ཐང་དཀར་རྒོད་ལ་ཆོལ་གསུམ་དབང་དུ་སྨིན། །

རྨ་བྱ་སྔོན་མོས་གངས་དཀར་ས་གཞི་མནན། །

བྱ་ཡི་ལོ་ལ་སྐྱིད་ཉི་འཆར་བར་སྨོན། །

བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ།

འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།

དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།

----བསྟན་དར་ལྷ་རམས་པས།

བྲིས་པ། གཙང་པ་ཨ་བསྟན་ལགས།

བྲིས་པ། ཚོགས་གཙོ་རྒན་ཁ་སྤུ་ཅན་ལགས།

བྲིས་པ། ཚོགས་གཙོ་རྒན་ཁ་སྤུ་ཅན་ལགས།

བྲིས་པ། གཉལ་གཞུང་བུ་ཕྲུག།

བྲིས་པ། ས་དཀར་མཁར་ལོ་རྒྱལ།

བྲིས་པ། གཡང་འཛོམས་ལགས།

བྲིས་པ། གྲུ་ཆར་ལགས།

བྲིས་པ། བཀྲིས་ཕུན་ཚོགས་ལགས།


གང་དག་ཡི་གེ་འབྲི་བ་པོ།།

སྙོམས་གཙང་འགྲིག་གསུམ་ལྡན་པ་དང་།།

ལེགས་མགྱོགས་དག་གསུམ་དྲུག་ཚང་ན།།

མཁས་པའི་གོ་ས་ཐོབ་པ་ཡིན།།

----འཇམ་མགོན་ས་པཎ་གྱིས།

ཅ་ལེ་ཅོ་ལེ་ཙམ་གྱིས་ཡི་གེའི་གཟུགས།།

ཆ་མི་སྙོམས་པའི་སྲིན་བུས་སུག་རྗེས་དང་།།

ཇ་སྡོང་ལྟ་བུ་བྲིས་པས་མི་ཕན་པས།།

ཉ་རྒྱས་ཟླ་ལྟར་མཛེས་པའི་ཡིག་གཟུགས་སྦྱོངས།།

----བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་གསུང་།

བཀྲ་ཤིས་གནམ་ལོ་གསར་ཚེས་གངས་ཅན་ལྗོངས་སུ་ཤར། ཕྱོགས་བཞིའི་ཕ་མ་སྤུན་མཆེད་ཁྱིམ་དུ་མཉམ་འཛོམས་བྱུང་། སྙན་པའི་གླུ་དང་སྤྲོ་པའི་གར་གྱིས་རབ་ཏུ་མྱོས། འཛོམས་པའི་མི་ལ་སྙུང་གཞིའི་གོད་ཆག་མ་གཏོང་ཤོག སྤྲོ་བའི་སེམས་ལ་སྐྱོ་བའི་སྡུག་བསྔལ་མ་གཏོང་ཤོག མི་ལ་ཚེ་ཡི་བཀྲ་ཤིས་ཤོག ཕྱུགས་ལ་གཡང་གི་བཀྲ་ཤིས་ཤོག ཟས་ལ་བཅུད་ཀྱི་བཀྲ་ཤིས་ཤོག ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག   

ཡག་པོ་ཐམས་ཅད་ཡོང་བར་ཤོག།

སྡུག་པོ་གཅིག་ཀྱང་མེད་པར་ཤོག།

ལུས་ལ་ན་ཚ་མེད་པར་ཤོག།

བདེ་ཐང་ངང་དུ་གནས་པར་ཤོག།

དེ་རིང་བཀྲ་ཤིས་ཁང་བཟང་ནང་དུ་བཀྲ་ཤིས་རྟེན་འབྲེལ་གྲ་སྒྲིག་འཛོམས།།

ཕ་མ་བུ་ཕྲུག་མཉམ་འཛོམས་བྱུང་ནས་སྐྱིད་པའི་ལོ་གསར་དགའ་གཏོང་བྱེད།།

བཀྲ་ཤིས་གྲོ་སོ་ཕྱེ་མར་བཞེས་དང་སྟོབས་འབྱོར་མངའ་ཐང་རྒྱས་པ་ཤོག།

རྟེན་འབྲེལ་མཆོད་ཆང་གཙང་བཞེས་གནང་དང་ནད་མེད་ཚེ་རིང་ཡོང་བ་ཤོག།

ཁོ་བོའི་ལག་ཏུ་འཁྱེར་བའི་བཀྲ་ཤིས་ཁ་བཏགས་དྲི་མེད་དཀར་གཙང་འདི།།

སྙན་མོ་གླུ་ཡི་འགྱུར་ཁུག་ཁྲོད་དུ་འཛམ་གླིང་ཞི་བདེའི་ཆེད་དུ་དང་།།

མ་འོངས་ཞིང་འབྲོག་འཚོ་བ་བཟང་པོ་སྔར་བས་རྒྱས་པའི་ཆེད་དུ་འཕུལ།།

ཕུན་ཁང་རྣམ་རྒྱལ་ཚེ་རིང་ནས།

མཚར་མཚར་ཚངས་པའི་ཡིད་ཀྱིས་རབ་བསྐྱེད་པའི།།

ལེགས་ལེགས་གཟུགས་ཀྱི་མཛེས་པ་ལྷུན་རྫོགས་པ།།

མཛེས་མཛེས་རིས་སུ་བབས་པའི་ཡི་གེའི་གཟུགས།།

དཀར་དཀར་གངས་ལྗོངས་རིག་པའི་སྒྱུ་རྩལ་མཆོག །

----བསེ་ཚང་རིན་པོ་ཆེའི་གསུང་།

ནམ་མཁའ་ལ་ནི་གསེར་གྱི་ཉི་མ་ཤར།

བར་སྣང་ལ་ནི་དུང་གི་ཟླ་བ་ཚེས།

ས་གཞི་ལ་ནི་བདེ་སྐྱིད་འཇའ་ཚོན་ཤར།

མི་ནོར་ཕྱུགས་གསུམ་འཛོམས་པའི་བཀྲ་ཤིས་ཤོག།

མི་ལ་ཚེ་ཡི་བཀྲ་ཤིས་ཤོག།

ཕྱུཌ་ལ་གཡང་གི་བཀྲ་ཤིས་ཤོག།

ཟས་ལ་བཅུད་ཀྱི་བཀྲ་ཤིས་ཤོག།

ཕུན་སུམ་ཚོགས་པར་བཀྲ་ཤིས་ཤོག།

བདེ་སྐྱིད་ལྷ་དང་མཉམ་པར་ཤོག།

ལོངས་སྤྱོད་ཀླུ་དང་མཉམ་པར་ཤོག།

ཚེ་སྲོག་བྲག་ལས་བརྟན་པར་ཤོག། 

གང་འདོད་ལྷུན་གྱིས་འགྲུབ་པར་ཤོག།

བཀྲ་ཤིས་གནམ་ལོ་གསར་ཚེས་གངས་ཅན་ལྗོངས་སུ་ཤར། ཕྱོགས་བཞིའི་ཕ་མ་སྤུན་མཆེད་ཁྱིམ་དུ་མཉམ་འཛོམས་བྱུང་། སྙན་པའི་གླུ་དང་སྤྲོ་པའི་གར་གྱིས་རབ་ཏུ་མྱོས། 

འཛོམས་པའི་མི་ལ་སྙུང་གཞིའི་གོད་ཆག་མ་གཏོང་ཤོག 

སྤྲོ་བའི་སེམས་ལ་སྐྱོ་བའི་སྡུག་བསྔལ་མ་གཏོང་ཤོག

མི་ལ་ཚེ་ཡི་བཀྲ་ཤིས་ཤོག 

ཕྱུགས་ལ་གཡང་གི་བཀྲ་ཤིས་ཤོག 

ཟས་ལ་བཅུད་ཀྱི་བཀྲ་ཤིས་ཤོག 

ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག   

༼ དཔལ་ནཱ་ལེནྡྲའི་ཡིག་གཟུགས་གླིང་གི་བོད་མེ་བྱ་ལོའི་ལོ་གསར་ཤིས་ཚིག་ཆེད་སྒྲིག །༽སྤེལ་ཐེངས་༡༢




གཞིས་རྩེའི་དྲ་ཐོག

 点击“阅读原文”,即可查看“视频”,也可寻找你想要的更多内容。。。