专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
西藏发布  ·  祝贺!西藏运动员获得1金7银5铜 ·  4 小时前  
西藏发布  ·  祝贺!西藏运动员获得1金7银5铜 ·  4 小时前  
51好读  ›  专栏  ›  日喀则在线

ཀླད་པ་མེད་ཅིང་མིག་ཟུང་ཆེ་བའི་བྱིས་པ་ཡ་མཚན་ཞིག

日喀则在线  · 公众号  · 西藏  · 2017-03-24 16:44

正文

ཉེ་ལམ། རྒྱ་གར་གྱི་བུད་མེད་ཅིག་ལ་ཡ་མ་གཟུགས་ཀྱི་བྱིས་པ་ཞིག་སྐྱེས་ཡོད་ཅིང་། ས་ཆ་དེའི་མི་སེར་གྱིས་ལྷ་ལྟར་དད་གུས་བྱེད་ཀྱིན་འདུག

དབྱིན་ཇིའི༼ཉིན་རེའི་སྦྲག་ཚགས༽ཐོག་ཏུ་ཟླ༣པའི་ཚེས༢༡ཉིན་བཀོད་པའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་བུད་མེད་ཁ་ལི་ཏ་པའེ་ཇ་ (Khalida Begum) ཡིས་གཟའ་ཟླ་བ་ཉིན་གྱི་དགོང་མོར་བྱིས་པ་ཞིག་སྐྱེས་ཡོད་མོད། འོན་ཀྱང་བྱིས་པའི་ཚུགས་ཀས་མི་རྣམས་ཧ་ལས་སུ་བཅུག དེ་ནི་ཀླད་པ་མེད་ཅིང་མིག་ཟུང་ཆེ་བའི་བྱིས་པ་ཡ་མ་གཟུགས་སུ་གྲུབ་འདུག ཁ་ལི་ཏ་པའེ་ཇ་ (Khalida Begum) དེར་ཧ་ཅང་སྐྲག་ནས་ནུ་མ་སྣུམ་མ་ཕོད་ལ། ཐ་ན་བྱིས་པ་ཕྱིར་འཕེན་པའི་བློ་ཡང་སྐྱེས་མྱོང་། ཡིན་ཡང་། སྨན་པས་བརྟག་དཔྱད་བྱས་རྗེས། སྤྱིར་བྱིས་པ་དེར་ཧ་ཅང་མཐོང་དཀོན་པའི (遗传丑角鱼鳞病) རྒྱུད་འཛིན་རིམས་ནད་ཕོག་ཡོད་པ་དང་། རྒྱུད་འཛིན་རིམས་ནད་དེས་པགས་པ་མཐུག་པོར་འགྱུར་བའམ་ཡ་མ་གཟུགས་སུ་བསྐྱེད་པའི་ངེས་པ་ཤིན་ཏུ་ཆེ་པར་བཤད།

དང་ཐོག་ཁ་ལི་ཏ་པའེ་ཇ (Khalida Begum) ཧ་ཅང་སྐྲག་ནས་བྱིས་པ་འདི་གཡུག་པའི་བློ་སྐྱེས་མྱོང་ཡང་། ད་ལྟ་འགྱོད་སེམས་སྐྱེས་ནས་ཡང་བསྐྱར་བྱིས་པར་བདག་སྐྱོང་ཡག་པོ་བྱེད་པའི་ལས་ལ་བྲེལ་འདུག

ཡ་མ་གཟུགས་ཀྱི་བྱིས་པ་འདི་འདྲ་ཞིག་སྐྱེས་ཡོད་པ་ཐོས་རྗེས། ས་ཆ་དེའི་མི་སེར་མང་པོ་བྱིས་པ་དེར་ལྟ་རུ་ཡོང་ཞིང་། ཐ་ན་མི་ལ་ལའི་བྱིས་པ་འདི་ནི་སྤྲེའུ་ལྷ་ཧ་ནུའུ་མན་གྱི་སྤྲུལ་པ་ཡིན་བསམ་ནས་ཆེད་དུ་མཇལ་བར་ཡོང་བའང་ཡོད།







请到「今天看啥」查看全文