专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
TGB湖南人  ·  【10.28复盘】高位股继续涨停新高!除了惊 ... ·  11 小时前  
51好读  ›  专栏  ›  日喀则在线

【魅力藏文】ཉི་མ་ལྷ་སའི་ཕྱོགས་ལ།

日喀则在线  · 公众号  · 西藏  · 2016-11-27 15:50

正文

ཉི་མ་ལྷ་སའི་ཕྱོགས་ལ།
ཐོན་འགྲོ
མེ་འཁོར་གྱི་འུར་སྒྲ་དང་བཅས།
ཉི་མ་ལྷ་སའི་ཕྱོགས་ལ།
ཕོ་བྲང་པོ་ཏའི་ཞལ་རས་དེ་མཇལ་དུ་འགྲོ
ཁྱེད་ནི་འཛམ་གླིང་གི་རྒྱན།
གངས་ལྗོངས་ཀྱི་བླ་སྲོག
མེས་པོའི་ཞབས་རྗེས།
གུས་པས་ཐལ་མོ་སྙིང་ཁར་འཇར་ནས་ཁྱེད་ལ་ཕྱག་ལན་གསུམ་འཚལ།།
མཐོང་སོང་།
བཙན་པོ་གྲགས་པོས་བཞེངས་པའི་གཙུག་ལག་ཆེ་ཆུང་གཉིས།
བསངས་ཀྱི་དྲི་བསུང་དབྱིངས།
གང་ཟང་གི་སྐོར་བའི་དཀྱིལ་དུ།
དད་པ་ཅན་གྱི་རྐྱང་ཕྱག་དབྱིངས།
བདག་གི་ཁྱེད་ལ་སྨོན་ལམ་ལན་གསུམ་ཡོད།
གནམ་འོག་ཕ་མ་ནད་མེད་སྐུ་ཚེ་བརྟན་པར་ཤོག
བརྩེ་དུང་ཅན་ལ་ལས་ཀྱི་འབྲས་བུ་སྨིན་པར་ཤོག
འགྲོ་བ་ཀུན་ལ་སྡུག་ངལ་མེད་པའི་བདེ་བ་དང་ལྡན་པར་ཤོག །
བར་སྐོར་ནང་དུ།
ཁམས་གསུམ་ཁ་བའི་ལྗོངས་ཀྱི་སྤུན་ཟླ་རྣམས།
ལ་རེ།
ཞལ་ནས་མ་ཎི་ཡིག་དྲུག་འདོན།
ཕྱག་ནས་ཕྲེང་བ་བར་མེད་འབྲེན།
ལ་རེ།
ཇ་ཁང་ནང་དུ་གསོལ་ཇ་ལ་རོལ།
ཁྱིམ་མཚེས་ཀྱི་ནང་དོན་ལ་འཕྱ།
གྲོང་གི་ཕྱུག་བདག་ལ་མོས།
ལ་རེ།
སྐྱེ་ལ་རྫུན་བཟོའི་རྡོ་ཤེལ་བདགས།
སྔ་མོའི་རྒྱན་ཆ་རིན་ཆེན་ཡིན་ཁུལ་དུ།
ཕན་ཚུན་ཉོ་ཚོང་གི་ཚུལ་དང་བཅས།
མདོར་ན།
མི་དང་མི་ཡི་སེམས་པ་ནི་མི་ཅིག
ལས་ནི་སོ་སོར་བཀོད།
མི་བྱུང་བ་ནི་རྒྱུ་འབྲས་དང་ལས་འབྲས་ལ་ཁ་གཡར།
རང་ཉིད་ཀྱི་སྐད་ཆ་ནི་དྲི་མ་དང་འདྲ་བར་རླུང་བུར་བསྐུར།
སྣང་མེད་ཀྱི་ཚུལ་དུ་གནས་ག་ལ་ཐུབ།།
ཡིན་ན་ཡང་།
གངས་ལྗོངས་ནི་དུས་ནམ་ཡང་ཁ་བའི་ལྗོངས་དེ་དང་།
སྐྱེ་བོ་འདི་ཚོ་ནི་ཁོ་ཚོ་སོ་སོ་སྟེ་སེམས་པ་བསྒྱུར་བར་ལས་སླ་པོ་ག་ལ་ཡོང་།
སྒྲིག་ནོར་གྱི་དབྱེ་བ་ནི་གཅོད་བདེ་མོ་ག་ལ་ཡོད།།
མེས་པོ་ལགས། ཕོ་བྲང་མཆོག  
གཙུག་ལག་ཁང་།  སྤུན་ཟླ་ཚོ།
བརྟན་པར་བཞུགས་རོགས།
བཟང་བར་དགོངས་དང་།
ང་ཡི་ཆེད་དུ།
བསིལ་ལྡན་གངས་ལྗོངས་ལ་བསམ་ཁུལ་གྱི།།

DZD•བཀྲ་རྡོར།

明日藏历 སང་ཉིན་ལོ་ཐོ།


གཞིས་རྩེའི་དྲ་ཐོག

 点击“阅读原文”,即可查看“视频”,也可寻找你想要的更多内容。。。