ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱབ་ཏེ་ལས་རྒྱུ་འབྲས་ཀྱིས་མི་རྣམས་ལ་བཅུན་པ་མེད་ཚེ་གཤིས་རྒྱུད་ངན་པའི་མི་བུ་འདི་དག་གི་བྱ་ངན་ལ་ཡིད་རེ་སྐྱོ། གཟིགས་དང་། རང་ཉིད་ལ་ཐོབ་བྱ་སྒོར་མོ་ཕྲན་བུ་ཙམ་གྱི་ཆེད་དུ་ཁ་གྲག་མི་ཤེས་པའི་དུད་འགྲོ་འདི་དག་ལ་མནར་བཅོད་འདི་ལྟ་བུ་གཏོང་བ་ཡ་རེ་ང་། དེ་བས་ཡ་ང་བ་དང་ཤ་ཚ་དགོས་ས་ནི་སྡིག་ཅན་གྱི་མི་བུ་འདི་དག་ཡིན། ཅིའི་ཕྱིར་ཞེ་ན། ལས་བརྒྱ་པ་ལས།
ལུས་ཅན་དག་གི་ལས་རྣམས་ནི།།
བསྐལ་པ་བརྒྱ་ཡང་ཆུད་མི་ཟ།།
ཚོགས་ཤིང་དུས་ལ་བབས་པ་ན།།
འབྲས་བུ་ཉིད་དུ་སྨིན་པར་འགྱུར།།
ཞེས་གསུངས། དཔེར་ན་བྱ་ནམ་མཁར་འཕུར་བ་ནམ་མཁའི་དབྱིངས་མཐོན་པོར་ཕྱིན་པའི་ཚེ་བྱ་དེའི་གྲིབ་མ་མི་མངོན་པ་ལྟར་སྣང་ཡང་། གྲིབ་མ་མེད་པ་མིན་ཏེ་མཐར་གང་དུ་བབས་ཀྱང་གྲིབ་མ་དེ་དེར་ནག་ཧྲིལ་གྱིས་འོང་བ་ལྟར་དགེ་སྡིག་གི་ལས་བྱས་པ་འཕྲལ་ལ་མི་མངོན་ཡང་། མཐར་ཅིས་ཀྱང་རང་གི་སྟེང་དུ་མི་འོང་བའི་ཐབས་མེད་པས་ན། དེ་ལྟ་བུའི་སྡིག་ལས་ལ་ངན་འབྲས་ཇི་ལྟ་བུ་འབྱུང་སྲིད། མ་ཟད་དེ་བས་འདིར་ཞུ་འདོད་པའི་གཏམ་ནི། རང་རེ་བོད་པ་དག་གིས་ལས་འབྲས་ལ་རྨོངས་པའི་ཀླ་ཀློ་དག་གི་རྗེས་འབྲངས་མི་བྱེད་པར་རང་ཚུགས་བཟུང་སྟེ་དགེ་སྡིག་གི་ལས་ལ་མུ་མཐུད་ནས་སྤངས་བླང་བྱེད་དགོས་པ་ནི་མཐར་ཐུག་རང་ཉིད་ལ་ཐོབ་པའི་རྒྱལ་ཁ་དེ་ཡིན་པར་ངེས་དགོས་སོ་ཞེས་པ་དེའོ།།
ས་ལའི་རིགས་སྲས་ཀྱིས།
གཞིས་རྩེའི་དྲ་ཐོག
点击“阅读原文”,即可查看“视频”,也可寻找你想要的更多内容。。。