专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
51好读  ›  专栏  ›  日喀则在线

ལག་གདང་སྦྲེལ་ཏེ་ཨེ་ཛིར་འཐབ། སྔོན་འགོག་ལས་དོན་གཙོ་བོར་འཛིན 防艾从我做起

日喀则在线  · 公众号  · 西藏  · 2016-12-01 17:37

正文

请到「今天看啥」查看全文


ཟླ་བ་༡ ༢པའི་ཚེས་༡   འཛམ་གླིང་ཨེ་ཛིའི་ནད་ཀྱི་ཉིན་མོར།

ང་རང་ནས་འགོ་འཛུགས་ཏེ་ལག་གདང་དཔུང་སྦྲེལ་ངང་ཨེ་ཛིའི་"ཀླད་ཀོར་"ཕྱོགས་ལ་མདུན་བསྐྱོད་བྱེད་དགོས།




ཟླ་བ་༡༢པའི་ཚེས་༡ནི་འཛམ་གླིང་ཨེ་ཛིའི་ནད་ཀྱི་ཉིན་མོ་ཡིན། མི་རྣམས་ཨེ་ཛིའི་ནད་ལ་རྒྱུས་མངའ་ཇེ་ཆེར་ཡོང་ཕྱིར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་༡༩༨༨ལོའི་ཟླ་བ་དང་པོར་ནས་བཟུང་ལོ་རེའི་༡༢ཚེས་༡ཉིན་དེ་འཛམ་གླིང་ཨེ་ཛིའི་ནད་ཀྱི་ཉིན་མོར་གཏན་འཁེལ་བྱས། འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་ལ་ཉིན་དེར་འབྲེལ་ཡོད་བྱེད་སྒོ་སྤེལ་བའི་འབོད་སྐུལ་བྱས་པ་དང་ཨེ་འགོག་ཤེས་བྱ་དྲིལ་བསྒྲགས་དང་ཡོངས་ཁྱབ་བྱ་རྒྱུའི་སྐུལ་བརྡ་ཡང་བཏང་ཡོད།

ཉིན་དེ་གཏན་འཁེལ་བྱ་བའི་གཙོ་བོའི་དམིགས་ཡུལ་ཁག་བཞི་ལ་དབྱེ་ཆོག་སྟེ།

དེ་དག་ནི་

དང་པོ་ མི་རྣམས་ལ་ཨེ་ཛིའི་ནད་དེ་འཛམ་གླིང་ཁྱབ་ཁོངས་སུ་བཀག་སྡོམ་དང་སྔོན་འགོག་བྱེད་ཐུབ་པ་ཤེས་རྟོགས་བྱེད་བཅུག།


གཉིས་པ་ ཨེ་ཛིའི་ནད་སྔོན་འགོག་བྱེད་པར་གལ་ཆེ་ཤོས་གཅིག་ནི་མི་རྣམས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་ལ་འགན་ཁུར་ཐུབ་པ་དེ་ཡིན་པ་གསལ་པོར་ཤེས་དགོས།


གསུམ་པ་ ཨེ་ཛིའི་ཉིན་མོར་དྲིལ་བསྒྲགས་བྱས་་པ་བརྒྱུད་ནས་ མི་རྣམས་ལ་ཨེ་ཛིའི་ནད་དུག་འགོས་མཁན་ཚོར་ཡ་ང་དང་བསམ་ཤེས་བྱེད་ཐུབ་བའི་འབོད་སྐུལ་གཏོང་བ་ཡིན་ལ། མ་ཟད་ཁོ་ཚོའི་ལུས་སེམས་གཉིས་ཀ་ནད་ཡམས་ཀྱིས་མནར་ཞིང་།  འགའ་ཞིག་གཞན་དབང་དུ་གྱུར་པ་དང་ རང་ལ་ཁག་མེད་པར་ན་ཚ་འགོས་ཡོད།


བཞི་པ་ མི་རྣམས་རང་གི་རྒྱལ་ཁབ་གཏན་འབེབས་ཀྱི་ཨེ་འགོག་འཆར་གཞིར་ལ་རྒྱབ་སྐྱོར་བྱས་ཏེ་འཛམ་གླིང་དམངས་ཚོགས་འབོད་སྐུལ་གཏོང་ཏེ་ལག་གདང་དཔུང་སྦྲེལ་ངང་ཨེ་འགོག་བྱ་གཞག་ལ་རྒྱབ་སྐྱོར་བྱ་བའི་ཕུགས་འདུན་བཟང་པོ་བསྐྲུན་རྒྱུ་དེའོ། །

ད་ལོའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི་སྔར་བཞིན་༼བྱ་སྤྱོད་སྤེལ་ཤོག་ཨེ་ཛི་ཀླད་ཀོར་ཕྱོགས་ལ་མདུན་སྐྱོད་བྱེད་དགོས།༽ཞེས་པ་དེ་དང་ཁ་བྱང་ཕལ་པ་ནི་༼གོང་བུ་གཅིག་སྒྲིལ་ནུས་ཤུགས་འདུས། དཀའ་ངལ་མཁྲེགས་གཏོར་ཨེ་ཛི་འགོག༽ཅེས་པ་དེ་ཡིན། གཙོ་བོ་རང་རྒྱལ་གྱི་ཨེ་འགོག་བྱ་གཞག་འགག་རྩའི་དུས་སུ་སླེབས་ཡོད་ཅིང་དཀའ་ངལ་དང་འགྲན་རྩོད་མང་དག་ཞིག་འཕྲད་བཞིན་ཡོད་པས། རིམ་ཁག་སྲིད་གཞུང་དང་སྡེ་ཁུལ་སྤྱི་ཚོགས་རྩ་འཛུགས་དེ་བཞིན་དང་བླངས་པ་རྣམས་ལ་སྐུལ་སློང་བཏང་ཏེ་ཕྱོགས་ཡོངས་ཀྱི་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་བསམ་བློར་བཅིངས་འགྲོལ།  གསར་གཏོད་གསར་བཟོ། འགོག་སེལ་བྱ་གཞག་གི་དཀའ་གནད་སེལ་ནས་ཨེ་ཛི་འགོས་ནད་དེའི་ཁྱབ་འགོས་ལ་བཀག་སྡོམ་བྱེད་དགོས་པ་གསལ་བཤད་བྱས་ཡོད། །


ཨེ་ཛིའི་ངོ་བོར་རྒྱུས་མངའ་དང་ཡང་དག་གི་སྔོན་འགོག་མི་འདང་བའི་རྐྱེན་གྱིས། བོད་ཀྱི་ཨེ་ཛིའི་རིམས་ནད་བྱུང་ཚུལ་གྱི་འགྲོ་ཕྱོགས་གྱེན་དུ་འཕར་བ་དང་ན་ཚ་འགོས་པའི་མི་ཚོགས་ཀྱང་ཉེན་ཆེ་བ་ལས་མི་དཀྱུས་མར་འགྱུར་ཞིང་། ལས་རིགས་ཁག་གི་མི་ཚོགས་ལ་ཤུགས་རྐྱེན་ཐེབས་ཡོད། བོད་རིགས་འགོས་ནད་འཕོག་པའི་མི་གྲངས་ལོ་རེར་འཕར་བའི་ནང་འབྲོག་པའི་མི་གྲངས་མངོན་གསལ་མང་དུ་ཕྱིན་ཡོད།  དེར་བརྟེན་ང་ཚོས་ད་ཐེངས་ཨེ་ཛིའི་ནད་ཀྱི་ཉིན་མོར་བརྗོད་དོན་བྱ་སྤྱོད་སྤེལ་བའི་རྒྱུ་མཚན་ནི།


༡  བོད་ཀྱི་ས་ཁུལ་ཁག་ལ་ཨེ་ཛིའི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་དེ། ཨེ་ཛིར་རྒྱུས་མངའ་ལོན་པ་དང་ངོས་འཛིན་ཡང་དག་བྱེད་པ།


༢   བོད་ཡུལ་ཀྱི་མང་ཚོགས་རྣམས་ཀྱིས་ཨེ་ཛིར་མཐོང་ཆེན་སྐྱེ་བ་དང་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་ཕྱོགས་ཡོངས་ནས་གཙང་སྦྲའི་བསམ་བློ་དང་ཁམས་བདེའི་འདུ་ཤེས་ཡར་འཐེན་ཡོང་ཆེད། མང་ཚོགས་ཀྱི་འཕྲོད་བསྟེན་ནད་འགོག་གི་ནུས་པ་མཐོ་རུ་གཏོང་རྒྱུ།


༣    ད་ཐེངས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མི་གང་མང་འབོད་སྐུལ་བཏང་ཏེ་ཤུགས་ཞན་མང་ཚོགས་ལ་ཐུགས་ཁུར་བྱ་བ་ཨེ་ཛིའི་ནད་པར་བཟོད་སྒོམ་དང་ཕྱར་བ་གྲུ་འདེགས་བརྩི་འཇོག་བྱེད་པ། ཁོ་ཚོར་དགོས་ངེས་ཀྱི་སྐྱོབ་རོགས་བྱས་ཏེ། ཚད་ཆེ་ཤོས་ངང་ཨེ་ཛིའི་མིའི་རིགས་ལ་སྤྲད་པའི་"ཐེངས་གཉིས་གནོད་འཚེ་"ཉུང་དུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། །


དར་སྐུད་དམར་པོ་ནི་སྒྲོག་ཐག་གཅིག་བཞིན་དུ་འཛམ་བུ་གླིང་ཧྲིལ་པོའི་མི་རྣམས་མཉམ་དུ་འབྲེལ་ནས་ལྷན་དུ་ཨེ་ཛི་འགོག།


ང་ཚོ་མཉམ་དུ་དར་སྐུད་དམར་པོ་བྲང་ཁར་སྒྲོག་ཏེ་ཨེ་ཛིའི་ནད་པ་དང་ཨེ་ཛི་འགོས་པའི་མི་དེ་བཞིན་ཁོ་ཚོར་ལྟ་རྟོག་བྱེད་མཁན་རྣམས་ལ་སེམས་ཁུར་དང་བསྡུ་ལེན་བྱེད་དགོས་ལ། ཨེ་ཛིའི་འཕྲོད་བསྟེན་སློབ་གསོ་དང་སྨན་བཅོས་བྱ་ཐབས་ནད་རིགས་ཞིབ་འཇུག་ལ་ཡང་རྒྱབ་སྐྱོར་དགོས། ང་ཚོ་རང་ཉིད་སོ་སོ་ནས་འགོ་འཛུགས་ཏེ་ལག་གདང་དཔུང་སྦྲེལ་ངང་ཨེ་ཛི་"ཀླད་ཀོར་"གྱི་ཕུགས་བསམ་ཕྱོགས་ལ་གོམ་ཆེན་མདུན་བསྐྱོད་བྱེད་དགོས། །





གཞིས་རྩེའི་དྲ་ཐོག

点击“ 阅读原文 ”,即可查看“ 视频 ”,也可寻找你想要的更多内容。。。







请到「今天看啥」查看全文


推荐文章
海报网  ·  Fantastic Blue| 神奇魅蓝在这里
8 年前
每日健康生活  ·  救命的马齿苋,99%的人不知道的作用!
7 年前
手艺门  ·  你的俊逸,见字如晤
7 年前