日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则 |
༼ རེ་སྐུལ། ༽
---རོང་རེ་འབོད།
རང་ཚུགས་མ་ཤོར་གཞན་སེམས་མ་དཀྲུགས་ཅེས།
བསླབ་བྱའི་སྙན་ཚིག་ཀུན་གྱིས་ཁ་རུ་འཁྱེར།
དོན་དངོས་ལག་ལེན་གསེར་གྱི་ཐིགས་པ་རེད།
རང་ཚུགས་ཤོར་ཀྱང་གཞན་སེམས་མ་དཀྲུགས་རོགས།
བཏང་དགོས་བྱུག་དགོས་ཟེར་བ་མགོ་སྐྲ་བཞིན།
ཁ་ཕོ་ཁོ་ནས་ཉིན་དང་ཟླ་བ་བསྐྱལ།
དོན་དངོས་བཏང་བྱུག་བྱ་མཁན་ཉིན་མོའི་སྐར།
རང་ཚུགས་ཟིན་ན་བཏང་བྱུག་དགོས་པ་མེད།
བྱས་དང་བྱུང་དང་ཡོད་ན་ཟེར་བ་གསུམ།
གཏམ་གྱི་ཐ་མ་ཡིན་ཟེར་བདེན་པར་མཐོང་།
བྱས་བྱུང་ཡོད་ཀྱིས་དུས་ཚོད་འཕྲོ་བརླག་དང་།
སྟོང་བསམ་ཅན་གྱིས་དོན་དངོས་གྲུབ་ཐོགས་མེད།
དྲིན་ལ་དྲིན་ལན་དགྲ་ལ་དགྲ་ལན་སོགས།
ལན་དུ་སླར་བ་ཧ་ཅང་མང་ན་ཡང་།
དྲིན་དུ་བསམ་མཁན་ཧ་ཅང་ཉུང་ཉུང་དང་།
དགྲ་ལན་འཐབ་ལ་དགའ་མཁན་མང་མང་རེད།
འདོད་ཆུང་ཆོག་ཤེས་ཅན་ལ་བདེ་བ་དང་།
གཡོ་ཁྲམ་ཧམ་པར་དད་པས་དམྱལ་བར་ལྷུང་།
དེ་དོན་རྒྱུ་འབྲས་རྩ་བར་འཛིན་པ་ལས།
སྐབས་འཕྲལ་བདེ་བས་ཕྱིན་ཅི་མ་ལོག་ཨང་།
དངུལ་དང་དབང་གིས་བདེ་བ་ལན་ཅིག་ཐོབ།
གཡོ་དང་རྫུན་གྱིས་ཁེ་སང་ལན་ཅིག་འབྱུང་།
ཆོས་དང་བརྒལ་བའི་བྱ་ངན་མང་དྲགས་ན།
དམྱལ་བར་ལྷུང་བའི་ཆ་རྐྱེན་འཕྲལ་མར་འཛོམས།
明日藏历
|
学术中国 · 2月高校名人网络关注度200强重磅发布!丨学术中国联合清博重磅发布 8 年前 |
|
Feekr旅行 · 只要去西欧价格的一半,却有着媲美瑞士的风光,而且一张签证就能游遍这4个国家! 7 年前 |
|
新疆日报 · 【祭英烈】天山留忠魂 清明思英烈——追思反恐烈士买买提江·托乎尼牙孜 7 年前 |
|
环球科学 · 王立铭教授线上讲座来袭,带你游历基因编辑简史 | 报名从速 7 年前 |
|
伊嘉儿数学 · 期末考试复习的10大法宝! 7 年前 |