ཉེ་ཆར་མཁྱེན་ལྡན་མ་ཁྲེང་ལགས་ཀྱིས་ནང་ལ་ལོ་གསར་གཏོང་བར་འགྲོ་རྩིས་བྱས་ནས། པའེ་ཏུའུ་དྲ་བའི་ཐོག་ནས་ལྷོ་ནུབ་མཁའ་འགྲུལ་ཀུང་སིའི་སྤ་སེ་ཉོ་སའི་ཁ་པར་ཨང་གྲངས་འཚོལ་སྐབས་ས་ཁུལ་ཨང་གྲངས་པེ་ཅིང་གི་010ཡིན་པའི་ཁ་པར་ཨང་གྲངས་ཞིག་རག་བྱུང་ཞེས་གསར་འགོད་པར་བཤད།
མཁྱེན་ལྡན་མ་ཁྲེང་ལགས་ཀྱིས་ཁ་པར་འབྲེལ་མཐུད་བྱུང་རྗེས་ལྷོ་ཕྱོགས་ཡུལ་གྱི་སྐད་རྒྱག་མཁན་སྐྱེས་པ་ཞིག་གིས་རང་ཉིད་ལྷོ་ནུབ་མཁའ་འགྲུལ་ཀུང་སིའི་སྤ་སེ་ཚོང་མཁན་ཡིན་ལུགས་བཤད་དེ་ཁོང་ལ་རིན་གོང་སྒོར་2225ཡི་ཐོག་ནས་ཧྲེན་ཀྲེན་ནས་ཁུར་ལེའི་བར་གྱི་གནམ་གྲུའི་སྤ་སེ་ཉོ་རོགས་བྱས་ཆོག་ཅེས་བཤད་པས། མཁྱེན་ལྡན་པ་ཁྲེང་ལགས་ཀྱིས་གོང་ཚད་འཚམ་པོ་འདུག་སྙམ་སྟེ་སྐྱེས་པ་དེས་བཤད་པ་ལྟར་སྤ་སེ་ཉོ་བྱེད་དངུལ་གཏོང་སྤྲོད་འབོ་བརྒྱུད་སྐྱེས་པ་དེས་བསྐུར་བའི་རྩིས་ཁྲར་དངུལ་བསྐུར།
སྤ་སེ་ཉོ་བྱེད་དངུལ་བསྐུར་ཟིན་རྗེས་སྐྱེས་པ་དེས་མཁྱེན་ལྡན་མ་ཁྲེང་ལགས་ལ་ལག་ཐོགས་ཁ་པར་གྱི་ར་སྤྲོད་ཨང་རྟགས་དགོས་པས། གཱ་ནང་གི་དངུལ་ཚང་མ་དངུལ་སྒྱུར་ཁུལ་དུ་འཇོག་དགོས། ཡིན་ནའང་། དངུལ་བསྒྱུར་མི་དགོས། གཏོང་སྤྲོད་བྱེད་སྟངས་འདེམས་སྐབས་ལམ་སེང་མཚམས་བཞག་ན་འགྲིག་ཅེས་བཤད། འོན་ཀྱང་མཁྱེན་ལྡན་མ་ཁྲེང་ལགས་ཀྱིས་སྐྱེས་པ་དེས་བཤད་པ་ཇི་བཞིན་གཏོང་སྤྲོད་འབོའི་གཏོང་སྤྲོད་ཁུལ་དུ་འཛུལ་རྗེས་གཏོང་སྤྲོད་བྱེད་སྟངས་གདམ་རྒྱུ་མེད་པར་དེའི་ཚབ་ཏུ་ཐད་ཀར་རྩིས་སྒྱུར་རེ་ཞུ་གོང་འབུལ་ཞུས་ཟིན་པ་དང་སྐར་མ་གཅིག་གི་རྗེས་སུ་དངུལ་སྒྱུར་ཟིན་པ་གསལ།
དེ་རྗེས་སྐྱེས་པ་དེས་སླར་ཡང་རྩིས་སྒྱུར་བྱེད་སྟངས་ནོར་བར་ཁ་གཡར་ནས་མཁྱེན་ལྡན་མ་ཁྲེང་ལགས་ལ་ལྷག་དངུལ་སྒོར་4000ཡན་ཡོད་པའི་དངུལ་ཁང་གཱ་བཙལ་ཏེ་ཡང་བསྐྱར་གོང་གསལ་གྱི་ཐབས་ལྟར་བྱ་དགོས་པ་བཤད། མཁྱེན་ལྡན་མ་ཁྲེང་ལགས་ཀྱིས་དངུལ་ཁང་གཱ་ཚོད་ལྟ་ཐེངས་གཉིས་བྱས་རྗེས་རྩིས་འཁོར་ནས་སྔར་རྒྱུན་བཞིན་རྩིས་སྒྱུར་འདུན་ཞུ་བསྐྱལ་ཟིན་པ་གསལ། ཁོང་གིས་རྩིས་སྒྱུར་འདུན་ཞུ་ཕྱིར་འཐེན་བྱ་རྩིས་བྱས་ཀྱང་འཕྲུལ་ཆས་ལས་དེ་ཡོང་ཐབས་མེད་པ་གསལ་བས་མཐར་སྒོར་ཁྲི་གཅིག་ལྷག་ཙམ་རྩིས་སྒྱུར་བྱས་ཡོད།